92777
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་འགྲེལ་མུན་པའི་གོ་ཆ་ལས། རྡོ་རྗེ་ཐེག་པ་ཆེན་པོ་ཡིད་ཀྱི་སྤྱོད་པ་ནི། བློ་ཆེད་དུ་མ་བཅོས་པ་དང༌། དོན་ལས་མ་གཡོས་པ་དང༌། དོན་ཆེད་དུ་བསམ་པ་དང་བྲལ་བ་དང༌། དོན་ལས་མི་ཡེངས་པ་དང༌། བྱིངས་རྨུགས་དབང་དུ་མ་གྱུར་པ་དང༌། དགོངས་པ་གསལ་བ་དང༌། རྟོག་པའི་ཟུག་རྔུ་ཞི་བ་དང༌། ཡུལ་ལ་འདོད་ཞེན་མེད་པ་མ་ཆགས་དང༌། སྒྲོ་སྐུར་གྱི་བསམ་པ་མེད་པ་དང༌། བཟང་ངན་ལ་བླང་དོར་མེད་པ་དང༌། ཆགས་སྡང་གི་སེམས་མི་བྱེད་པ་དང༌། ཉེས་པ་འཆབ་པ་མེད་པ་དང༌། ཆེ་བ་སྤྱོམ་པ་མེད་པ་དང༌། ནོར་རྫས་དང་རྙེད་འབྱོར་ལ་ཚོལ་ཞིང་ཆགས་པའི་སེམས་མེད་པ་དང༌། ཕྱོགས་རིས་མི་བྱེད་པ་དང༌། བསམ་པ་ཡོངས་སུ་དག་པ་དང༌། དམ་བཅའ་བའི་གོ་ཆ་གྱོན་ནས་སྒོ་གསུམ་དྲང་པོར་གཞུང་དུ་སྤྱོད་པ་དང༌། མ་དག་པའི་ལྟ་བ་དུག་འགྱུར་དང་ཏིང་ངེ་འཛིན་དང་མི་བྲལ་བར་ཡང་དག་པའི་ལྟ་བ་དང༌། ཏིང་ངེ་འཛིན་དང་མི་འབྲལ་བ་དང༌། གཉིས་སུ་མེད་པའི་ལྟ་བ་མི་འགྱུར་བར་རྡོ་རྗེའི་རྫོང་ལ་གནས་པ་དང༌། བྱང་ཆུབ་སེམས་དང་ཞི་གནས་དང་ལྷག་མཐོང་ལྡན་པར་བྱ་བ་དང༌། གང་དུ་མི་འགྱུར་ལྟ་བ་དང་ཏིང་ངེ་འཛིན་གདེང་དུ་ཆུད་པས་མི་འགྱུར་ཞིང་རྐྱེན་ཅིས་ཀྱང་མི་བསྒྱུར་བ་དང༌། རང་རིག་པ་མཉམ་པའི་དབྱིངས་སུ་བདག་གཞན་ཀུན་གཅིག་པར་བྱ་བའི་ཕྱིར་དང༌། གདུལ་བྱའི་གང་གི་བློ་ལ་མངོན་སྣང་བར་བྱ་བའི་ཆེད་དུ་སྤྱོད་པ་ལེགས་པར་བྱ་བ་དང༌། བག་ཡོད་པ་དང༌། ཁྲེལ་ཡོད་པ་དང༌། ང་རྒྱལ་མེད་པས་སེམས་ཀུན་དང་མཐུན་པ་དང་། རིལ་ཞི་བ་ཆེན་པོ་པས་སེམས་དེས་པ་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་པས་བསམ་པ་ཅིར་ཡང་མི་རྟོག་པ་དང༌། ཆོས་ཉིད་དེ་ཉིད་ཞི་དང་ལྡན་པས་སེམས་མི་འཁྲུག་པ་དང༌། བདག་ཉིད་ལས་མ་གཏོགས་པ་གཞན་ཞིག་གང་ནའང་ནས་དངོས་གྲུབ་དང་ཡོན་ཏན་ཅིའང་མི་འབྱུང་བས་སེམས་ལས་གཞན་དུ་ཡོན་ཏན་ཚོལ་བའི་སེམས་མེད་པ་དང༌། ཟང་ཟིང་ལ་ཆགས་པ་མེད་པས་ཚུལ་བཅོས་མི་བྱེད་པ་དང༌། འདོད་ཡུལ་ལ་སེམས་ཆགས་ཤིང་ཕྲད་པར་འདོད་པའི་གདུང་བ་མེད་པས་སེམས་མེད་པ་དང༌། སེམས་ཅི་ལའང་མ་ཆགས་པའི་དོན་ཤར་བས་ཆོག་པར་འཛིན་པ་དང༌། དངོས་པོ་ཅི་ལའང་རང་རིག་པའི་ཕྱིར་མཚན་མར་རྣམ་པར་མི་འཛིན་རྟོག་པས་གཙང་དམེ་དང་དུས་སྔ་ཕྱི་དང་དམ་པར་བལྟས་ནས་དང་དུ་ལེན་པ་མེད་པ་དང་སུམ་ཅུ་རྩ་བདུན་གྱི་སེམས་ཀྱི་སྤྱོད་པའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |