92779

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཀྱིས་ངེས་པར་བསམ་པ་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ སེམས་ཅན་འགའི་དོན་གྱི་ཕྱིར་ཡང་བསྐལ་པ་ཕྱི་མའི་མཐར་ཐུག་པར་འཁོར་བ་ན་འཁོར་བར་བྱའོ་སྙམ་པ་འདི་ནི་སེམས་ཀྱི་ངེས་པར་བསམ་པ་དང་པོ་ཡིན་ནོ། །༢ བདག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ཤེས་པར་བྱ་ཞིང་དེ་དག་གི་ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པར་ཤེས་པར་བྱ་བའི་ཆོས་སྟོན་པར་བྱའོ་སྙམ་པ་འདི་ནི་སེམས་ཀྱི་ངེས་པར་བསམ་པ་གཉིས་པ་ཡིན་ནོ། །༣ བདག་གིས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་བྱས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་གོ ། བདུད་ཀྱི་དཔུང་ཕམ་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་བྱའོ་སྙམ་པ་འདི་ནི་སེམས་ཀྱི་ངེས་པར་བསམ་པ་གསུམ་པ་ཡིན་ནོ། །༤ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྐད་ཅིག་གིས་གོ་བར་བྱས་ཏེ་ཆོས་བསྟན་པར་བྱའོ་སྙམ་པ་འདི་ནི་སེམས་ཀྱི་ངེས་པར་བསམ་པ་བཞི་པ་ཡིན་པའོ། །
Domain ཆོས་ལུགས།