92780

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཀྱིས་རྒྱས་པར་དགང་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ འདི་ལྟར་སེམས་ཤིན་ཏུ་ཡངས་པ་དང་ལྡན་པས་ནམ་མཁའི་དབྱིངས་ཐམས་ཅད་རྒྱས་པར་དགང་བ། ༢ མཐའ་དང་དབུས་མེད་པ་ཁོང་དུ་ཆུད་པས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་དགང་བ། ༣ སྐད་ཅིག་གཅིག་ཏུ་འཛུད་པས་དུས་གསུམ་ཐམས་ཅད་རྒྱས་པར་དགང་བ། ༤ གཤེགས་པ་དང་། སྐྱེ་བ་དང་། འབྱུང་བ་དང་། རྣམ་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པ་ཆེན་པོ་མངོན་སུམ་དུ་ཤེས་པས། སངས་རྒྱས་སྐྱེ་བ་ཐམས་ཅད་རྒྱས་པར་དགང་བ། ༥ བག་ཆགས་དང་དབང་པོ་ནམ་མཁའ་ལྟ་བུར་ཁོང་དུ་ཆུད་པས། སེམས་ཅན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་དགང་བ། ༦ ཆོས་ཀྱི་དབྱིངས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་དང་ལྡན་པས། ༧ མིག་གཡོར་ལྟ་བུའི་ཡེ་ཤེས་ཀྱིས་རྒྱས་པར་དགང་བ། སྒྱུ་མའི་དྲ་བ་རྣམ་པ་ཐ་དད་པ་ལྟ་བུར་ཁོང་དུ་ཆུད་པས། མཐའ་དང་དབུས་མེད་པ་རྒྱས་པར་དགང་བ། ༨ རང་བཞིན་མི་དམིགས་པས་མི་སྐྱེ་བའི་རྒྱས་པར་དགང་བ། ༩ རང་གི་སེམས་དང་གཞན་གྱི་སེམས་ལ་ཐོགས་པ་མེད་པས། ཆགས་པ་མེད་པར་རྒྱས་པར་དགང་བ། ༡༠ སེམས་བསྐྱེད་པ་ཐམས་ཅད་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡོངས་སུ་སྟོན་པས། དབང་གིས་རྒྱས་པར་དགང་བའོ། །
Domain ཆོས་ལུགས།