92791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སེམས་ཁྲིད་ཡིད་བཞིན་ནོར་བུའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱ་དང་བརྒྱད་པ་ཡིན། བརྗོད་བྱ་ནི། བྱིན་རླབས་སྒོ་འབྱེད་ཀྱིས་སྟོབས་ལས་སེམས་ཉིད་སྐད་ཅིག་གིས་གྲོལ་བའི་མན་ངག སེམས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པའི་རིམ་པ་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་མཉམ་མེད་སྒམ་པོ་བ། །སྐྱེས་བུ་ཡེ་རྡོར་འགྲོ་མགོན་དུང་ཚོ་རས། །སྣེའུ་རས་པ་ཆོས་དབྱིངས་དབང་ཕྱུག་དང་། །མགོན་པོ་རྒྱལ་མཚན་འཁྲུལ་ཞིག་ཚུལ་རྒྱན་པ། །མཁྱེན་རབ་ཆོས་རྗེ་གཞོན་ནུ་མཆོག་གྲུབ་མཆོག ། ཞེས་སོགས་དང་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མཁྱེན་རབ་རྗེའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།