92904

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཡོངས་སུ་མི་སྐྱོ་བ། བདག་བདེ་བ་ལ་མི་ཆགས་པ། དུས་དང་དུས་མ་ཡིན་པར་བསྐུལ་བ། བསམ་པ་ཡོངས་སུ་ཤེས་པའོ། །
Domain ཆོས་ལུགས།
སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པའི་ཆོས་བཞི་ (2)
Part of speech མིང་ཚིག
Definition བཀའ་བློ་བདེ་བ། སྙན་པར་སྨྲ་བ། ངང་ཚུལ་གྱིས་འཇམ་པ། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པའོ། །
སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པའི་ཆོས་བཞི་ (3)
Part of speech མིང་ཚིག
Definition ཁོང་ཁྲོ་བ་མེད་པའི་སེམས། སྙིང་རྗེ་ཆེན་པོའི་སེམས། ཕན་པའི་དངོས་པོའི་སེམས། བདག་ཤིན་ཏུ་དུལ་བའི་སེམས་སོ། །
སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པའི་ཆོས་བཞི་ (4)
Part of speech མིང་ཚིག
Definition བསམ་པ་དག་པ། གཡོ་མེད་ཅིང་སྨྲ་བ་དང་བྲལ་བ། བརྩོན་འགྲུས་བརྟན་པ། ལེགས་པར་བྱས་པ་དང་ཉེས་པར་བྱས་པ་བཟོད་པའོ། །