92929

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཅན་ལ་དམིགས་པའི་སྙིང་རྗེ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སེམས་ཅན་རྫས་ཡོད་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །དེ་ནི་སོ་སོའི་སྐྱེ་བོ་རྣམས་ལ་མངའ་འོ། །ཞེས་རྗེ་བཙུན་རེད་མདའ་བའི་དབུ་འཇུག་རྣམ་བཤད་དེ་ཉིད་གསལ་སྒྲོན་ལས་གསུངས་སོ། ། དམིགས་ཡུལ་སེམས་ཅན་སྡུག་བསྔལ་བར་དམིགས་ནས་སྔུག་བསྔལ་ལས་སྐྱོབ་པའི་རྣམ་པ་ཅན། བྱེད་ལས་ནི། གནས་སྐབས་ཀྱི་སྡུག་བསྔལ་ལས་སྐྱོབ་པའི་རྣམ་པ་ཅན་ནོ། །ས་མཚམས་ནི། ཚོགས་སྦྱོར་ན་ཡོད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ངེས་དོན་རྣམ་ངེས་ལས་གསུངས་སོ། ། སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དེ་ལས་སྐྱོབ་པར་འདོད་པའི་རྣམ་པ་ཅན། དེའི་དམིགས་ཡུལ་ནི་སོ་སྐྱེས་དང་ཉན་རང་སློབ་པ་རྣམས་ཡིན་ལ། །དམིགས་པའི་ཁྱད་པར་ནི། རྟག་མི་རྟག་དང་རང་བཞིན་ཡོད་མེད་སོགས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་ལས་ཉོན་གྱི་དབང་གིས་འཁོར་བར་རང་དབང་མེད་པར་འཕྱན་པའི་འགྲོ་བ་ཙམ་ལ་དམིགས་པ་ནི་འདིའི་དམིགས་པའི་ཁྱད་པར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་གང་ཞིག། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་དེ་སྔུག་བསྔལ་གྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ་གང་རུང་དང་ལྡན་པ་ཙམ་དུ་མཐོང་ནས། སྡུག་བསྔལ་དེ་ལས་སྐྱོབ་པའི་རྣམ་པ་ཅན་དེ་འདིར་བསྟན་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། སྙིང་རྗེ་དེ་ཡི་དམིགས་ཡུལ་ནི། སོ་སོའི་སྐྱེ་བོ་དང་ཐེག་དམན་སློབ་པ་འཕགས་པ་རྣམས་འདིར་བསྟན་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་དམིགས་ཡུལ་ཡིན་ཏེ། འཁོར་བའི་སྔུག་བསྔལ་ལས་མ་ཐར་བའི་སེམས་ཅན་ཐམས་ཅད་འདིར་བསྟན་གྱི་སྙིང་རྗེ་དང་པོའི་དམིགས་ཡུལ་ཡིན་པའི་ཕྱིར། འོན་ཀྱང་སོ་སོའི་སྐྱེ་བོ་ཡིན་ན། འདིར་བསྟན་སྙིང་རྗེ་དང་པོའི་དམིགས་ཡུལ་ཡིན་པས་མ་ཁྱབ་སྟེ། ཐེག་དམན་དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་གི་བྱང་སེམས་སོ་སྐྱེས་ཡོད་པའི་ཕྱིར། །ཞེས་མཁན་ཆེན་ངག་ཆོས་ཀྱི་དབུ་འཇུག་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སེམས་ཅན་ལ་དམིགས་པའི་སྙིང་རྗེ་

|; |@@@ | | }}