92932
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་སེམས་ཅན་མེད་པས་སྒྲོལ་བའི་རྣམ་པར་འཕྲུལ་པ། སེམས་ཅན་ཐམས་ཅད་ཀྱི་འདུ་ཤེས་ཀྱི་རྣམ་པར་བྱིན་གྱིས་བརླབ་པའི་རྣམ་པར་འཕྲུལ་པ། སེམས་ཅན་ཐམས་ཅད་ལ་དུས་ལ་བབ་ན་ཆོས་སྟོན་པ་རྒྱུན་མི་གཅོད་པའི་རྣམ་པར་འཕྲུལ་པ། སེམས་ཅན་གྱི་ཁམས་ཐམ་ཅད་དུ་སྤྲུལ་པའི་རྣམ་པར་འཕྲུལ་པ། སེམས་ཅན་གྱི་ཁམས་ཐམས་ཅད་སྐྲའི་སྦུབས་གཅིག་ཏུ་བཙུད་ཀྱང་གནོད་པར་མི་འགྱུར་བའི་རྣམ་པར་འཕྲུལ་པ། སེམས་ཅན་གྱི་ཁམས་ཐམས་ཅད་འཇིག་རྟེན་གྱི་ཁམས་སུ་བྱིན་གྱིས་བརླབས་ཏེ། ཕ་རོལ་ཤེས་པར་བྱེད་པ་དང་། ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་པ། སེམས་ཅན་གྱི་ཁམས་ཐམས་ཅད་དུ་བརྒྱ་བྱིན་དང་། ཚངས་པ། འཇིག་རྟེན་གྱི་མགོན་པོའི་དབང་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་པ། སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཟུགས་དང་། ཁ་དོག་དང་། མཚན་དང་། ཆོ་ག་དང་། སྤྱོད་ལམ་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་པ། སེམས་ཅན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོབ་པ་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་པ། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་སྟོབས་མངོན་པར་རྫོགས་པར་སངས་རྒྱས་པའི་གཟུགས་ཀྱི་སྐུ་དང་། མཚན་དང་། དཔེ་བྱད་བཟང་པོ་སྣ་ཚོགས་ཀྱི་རྒྱན་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་པའོ། ། |
| Domain | ཆོས་ལུགས། |