92935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཅན་སྐྱོ་བ་མི་སྐྱེ་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་སྡོམ་གསུམ་བསྟན་པའི་མདོ་ལས་བྱུང་བ་སྟེ། བག་མེད་པ་མང་བ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པ། སེམས་ཅན་དམྱལ་བ་ཆེན་པོ་ལ་ཡིད་མི་ཆེས་པ། འདི་ལྟར་བདག་འཆི་བར་འགྱུར་བར་ཡིད་མི་ཆེས་པའོ། །
Domain ཆོས་ལུགས།
སེམས་ཅན་སྐྱོ་བ་མི་སྐྱེ་བའི་ཆོས་བཞི་ (2)
Part of speech མིང་ཚིག
Definition འབྱུང་བ་ཆེན་པོ་གཞོན་ཏེ་བར་ཆད་མེད་པར་འདུག་པར་གྱུར་པ། མཐུ་སྟོབས་དང་ལྡན་པར་གྱུར་པ། འདོད་པའི་ཡོན་ཏན་རྣམས་ལ་རབ་ཏུ་ཆགས་པར་གྱུར་པ། གཟི་བརྗིད་ལ་སེམས་པས་རྣལ་འབྱོར་མ་མྱོང་ཞིང་བཏུང་བའི་སྟོབས་ཅན་དུ་གྱུར་པའོ། །