92937
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཆོས་ཅུང་ཟད་ཐོས་པ་ཙམ་གྱིས་མཐོང་ལམ་དངོས་སུ་སྐྱེད་པར་ནུས་པའི་སྒོ་ནས་མི་མཐུན་ཕྱོགས་མངོན་གྱུར་ཞི་ཞིང༌། དེའི་གཉེན་པོ་དངོས་སུ་སྤྱོད་པར་ནུས་པ་ནི་སེམས་ཅན་སྨིན་པའི་ཚད་ཡིན་ལ། དེ་ལ་ཡང༌། ཉན་ཐོས་སུ་རྒྱུད་སྨིན་ཡང༌། རང་རྒྱལ་དུ་རྒྱུད་སྨིན་པའི་ནུས་པ་མ་ཐོབ་པ་དང༌། རང་རྒྱལ་དུ་རྒྱུད་སྨིན་པའི་ནུས་པ་མ་ཐོབ་པ་དང༌། རང་རྒྱལ་དུ་རྒྱུད་སྨིན་ཡང་ཐེག་པ་ཆེན་པོར་རྒྱུད་མ་སྨིན་བ་དང༌། བདག་མེད་རགས་པ་བསྟན་རུང་གི་རྒྱུད་སྨིན་ཡང༌། སྟོང་ཉིད་ཕྲ་མོ་བསྟན་པའི་སྣོད་རུང་གི་རྒྱུད་མ་སྨིན་པ་དང༌། དེ་སྨིན་ཡང་ཐེག་པ་ཆེན་པོའི་འཇུག་སྡོམ་སྐྱེ་རུང་གི་རྒྱུད་མ་སྨིན་པ་དང༌། དེ་སྨིན་ཡང་སྟོང་ཉིད་བསྟན་པའི་སྣོད་རུང་གི་རྒྱུད་མ་སྨིན་པའི་བྱང་སེམས་དབང་རྟུལ་ལ་དུ་མ་ཡོད་དོ། ། |
| Domain | ཆོས་ལུགས། |