92939

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཅན་སྨིན་པར་བྱས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དེས་ན་ཆོས་ཅུང་ཟད་བསྟན་པས་སེམས་ཅན་ཚད་མེད་པ་བདེན་པ་མངོན་སུམ་དུ་མཐོང་བ་ལ་འགོད་པའི་ནུས་པ་རྫོགས་པར་ཐོབ་པ་ནི། སེམས་ཅན་སྨིན་པར་བྱས་པའི་ཚད་ཡིན། སེམས་ཅན་སྨིན་པར་བྱེད་པའི་ཚུལ་ལ། རང་རྒྱུད་སྨིན་པར་བྱེད་པའི་ཚུལ། གཞན་རྒྱུད་སྨིན་པར་བྱེད་པའི་ཚུལ། སྨིན་པ་གཉིས་ཀྱི་མཇུག་བསྡུ་དང་གསུམ། དང་པོ་ནི། རྒྱལ་བའི་སྲས་པོ་རྣམས་ཀྱིས་རང་རྒྱུད་ཡོངས་སུ་སྨིན་པའི་མཚན་ཉིད་དེ་ཆོས་ཅན། ཁྱད་ཆོས་དགུ་དང་ལྡན་ཏེ། ཐེག་ཆེན་གྱི་ཆོས་ལ་དགའ་བ་རབ་ཏུ་སྨིན་པ། སྟོན་པ་སངས་རྒྱས་ལ་དད་བ་རབ་ཏུ་སྨིན་པ། ཉོན་མོངས་ལ་ཞི་བ་རབ་ཏུ་སྨིན་པ། སེམས་ཅན་ལ་སྙིང་བརྩེ་བ་རབ་ཏུ་སྨིན་པ། ཐེག་ཆེན་གྱི་དཀའ་སྤྱད་ལ་བཟོད་པ་རབ་ཏུ་སྨིན་པ། ཐེག་ཆེན་གྱི་ཆོས་ལ་ཡིད་གཞུངས་པ་རབ་ཏུ་སྨིན་པ། མཐུ་ཆེན་པོ་ཐོབ་པ་ཉིད་རབ་ཏུ་སྨིན་པ། བདུད་དང་མུ་སྟེགས་ཀྱིས་མི་འཕྲོགས་པ་རབ་ཏུ་སྨིན་པ། ཉོན་མོངས་སྤོངས་པའི་ཡན་ལག་དང་ལྡན་པས་རབ་ཏུ་སྨིན་པ་རྣམས་སུ་ཡོད་པའི་ཕྱིར།
Domain ཆོས་ལུགས།