92976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་དཔའ་སུམ་བརྩེགས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ལྷ་བསྐྱེད་པའི་ཚུལ་ཞིག་སྟེ། དམ་ཚིག་སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ་དང༌། ཏིང་འཛིན་སེམས་དཔའ་བཅས་ཅིག་ཅར་དུ་བསྐྱེད་པའོ། །
Domain ཆོས་ལུགས།

{{#arraymap:སེམས་དཔའ་སུམ་བརྩེགས་

|; |@@@ | | }}

སེམས་དཔའ་སུམ་བརྩེགས་ (2)
Part of speech མིང་ཚིག
Definition སེམས་དཔའ་སུམ་བརྩེགས་བྱ་བའི་ཚུལ་བཤད་པ་ནི། སྐུ་གསུམ་ལམ་ཁྱེར་གྱི་སྒོ་ནས་བསྐྱེད་པའི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ་དམ་ཚིག་སེམས་དཔའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དམ་ཚིག་གི་སྐད་དོད་ས་མ་ཡ་ལ་ས་མ་ཏར་བྱས་པས་འཕྲོ་ཞིང་འདུ་བ་ལ་ཡང་འཇུག་པས། སྒྲུབ་པ་པོ་རང་གི་ལུས་ལ་ཐ་མལ་གྱི་སྣང་ཞེན་སྤངས་ནས་ལྷའི་སྐུར་བསྒོམ་པ་ལ། ལྷ་ཡེ་ཤེས་པ་རྣམས་འཕྲོ་ཞིང་འདུ་བའི་གཞིར་གྱུར་བས་ན་དམ་ཚིག སེམས་ཅན་གྱི་དོན་ལ་རྩེ་གཅིག་པས་ན་སེམས་དཔའ་ཞེེས་བརྗོད་པར་མན་སྙེ་ལས་གསུངས་སོ། ། ཡང་སྐུ་གསུམ་ལམ་ཁྱེར་གྱི་སྒོ་ནས་བསྐྱེད་པའི་སྤྲུལ་སྐུ་རྡོ་རྗེ་སེམས་དཔལ་ལ་དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། རྩ་རྒྱུད་ལེའུ་དང་པོའི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལས། རིམ་གྱིས་བསྐྱེད་པའི་ལྷའི་སྐུ་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བཤད། དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ནི། མདོར་བྱས་ལས། སྙིང་གའི་དབུས་སུ་གནས་པ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཏིང་འཛིན་སེམས་དཔའ་ཞེས་བྱ་བའི། །ཡི་གེ་ཧཱུཾ་ནི་དེ་རུ་འགོད། །ཅེས་པས་བསྟན། ཚུལ་ཇི་ལྟར་དུ་བསྒོམ་པ་ནི། དམ་ཚིག་སེམས་དཔའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་བཅས་སུ་བསྐྱེད་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བཤད། དེ་ཡང་རྡོ་རྗེ་དང་དྲིལ་བུ་འཛིན་པ་སློབ་དཔོན་ཨ་བྷྱ་ཀ་རས་མདོར་བྱས་ཀྱི་འགྲེལ་བར་བཤད། ཅིའི་ཕྱིར་ཡེ་ཤེས་སེམས་དཔའ་ཞེས་བྱ་ཞེ་ན། ཡེ་ཤེས་ཀྱི་རང་བཞིན་གྱི་ལྷའི་སྐུར་བསྐྱེད་ནས་བསྒོམས་པའི་ཆ་ནས་དེ་ལྟར་བརྗོད་པར་རྩ་རྒྱུད་ལེའུ་བཅུ་པ་ལས། སྙིང་གའིི་དབུས་སུ་ཕྲ་མོ་ཡི། །དཀྱིལ་འཁོར་རྣམས་ནི་བསམ་པར་བྱ། །ཞེས་པས་བསྟན་པར་སྒྲོན་གསལ་ལས་བཤད། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་རྟག་ཏུ་འཆར་བ་མར་མེ་ཆེན་པོ་ལྟ་བུ། མི་ཤེས་པའི་མུན་པ་འཇོམས་པའི་དོན་དུ་སྣང་བའི་ཕུང་པོ་ཆེན་པོ་ལྟ་བུར་སྒོམ་པར་ནི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བཤད། ཅིའི་ཕྱིར་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་ཞེ་ན། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་གང་དུ་བཀོད་པའི་གནས་དེར་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྒོོམས་པས། ཏིང་ངེ་འཛིན་མཆོག་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེ་བར་བྱེད་པ་དང་། སྒྲུབ་པ་པོ་རང་ཉིད་ངེས་ལེགས་ལ་སྦྱོར་བར་བྱེད་པས་ན་དེ་ལྟར་དུ་བརྗོད་པ་ཡིན་ཏེ། རྩ་རྒྱུད་ལེའུ་བཅུ་པ་ལས། ཡི་གེ་མཆོག་ཏུ་གྱུར་པའི་ཚིག ། དེ་ཡི་དབུས་སུ་བསམ་པར་བྱ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །རྟག་ཏུ་སྦྱོར་བས་རྣམ་པར་བསྒོམ། །ཞེས་པས་བསྟན་པར་སྒྲོན་གསལ་ལས་བཤད་དོ། །

{{#arraymap:སེམས་དཔའ་སུམ་བརྩེགས་

|; |@@@ | | }}