93009

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་པའི་ལས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སེམས་པའི་ལས་ནི་ཡིད་ལས་ལ་འདོད་པ། བྱེ་བྲག་ཏུ་སྨྲ་བའི་ལུགས་ཏེ། མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་དང་། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་ཀྱང་། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །ཞེས་སོ། །སེམས་བྱུང་སེམས་པ་ལ་ལས་སུ་བཞག་པ་ནི་ཡིད་ཀྱི་ལས་ཞེས་བྱ་སྟེ། ཡིད་ཀྱི་དགེ་མི་དགེའི་ལས་རྣམས་ནི་ལས་ཀྱི་ལམ་ཡིན་གྱི་ལས་དངོས་མ་ཡིན། ལུས་ངག་གི་དགེ་མི་དགེའི་ལས་རྣམས་ནི་ལས་ཀྱི་ལམ་དང་ལས་གཉིས་ཀ་ཡིན་པར་བཤད་པའི་ཕྱིར། གཞུང་འདིས་ནི་ཡིད་ཀྱི་ལས་རྣམས་ལས་ཀྱི་ལམ་ཙམ་ལས་ལས་དངོས་མ་ཡིན་པར་བསྟན་ཏོ། །དཔེར་ན་ཡིད་ཀྱི་སྡོམ་པ་ཞེས་བཤད་ཀྱང་དེ་སྡོམ་པ་མིན་པ་བཞིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:སེམས་པའི་ལས་

|; |@@@ | | }}

སེམས་པའི་ལས་ (2)
Part of speech མིང་ཚིག
Definition མདོ་སྡེ་པ་ཡན་ཆད་ནི། སེམས་པའི་ལས་རྒྱུ་དུས་ཀྱི་ཀུན་སློང་ལ་འདོད་ལ། དེ་ལ་བསོད་ནམས་དང། བསོད་ནམས་མ་ཡིན་པ་དང། མི་གཡོ་བའི་ལས་གསུམ་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །

{{#arraymap:སེམས་པའི་ལས་

|; |@@@ | | }}