93012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བཅུ་ (1)
Part of speech མིང་ཚིག
Definition མདོ། ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་དག་པར་འཛིན་ཅིང་སྟོན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་ས་ལྟ་བུའོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་ཞུགས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་རྒྱ་མཚོ་ལྟ་བུའོ། །འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཤིན་ཏུ་མཐོ་བ་ལ་འགྲོ་བ་ཐམས་ཅད་རབ་ཏུ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའི་སེམས་ནི་རི་བོ་ཆེན་པོ་ལྟ་བུའོ། །ཀུན་ནས་ཉོན་མོངས་པ་མེད་ཅིང་བསམ་པ་དག་པ་དང་ལྡན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་ནོར་བུ་རིན་པོ་ཆེའོ། །ཆོས་ཐམས་ཅད་ལ་རབ་ཏུ་རྣོ་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་རྡོ་རྗེ་ལྟ་བུའོ། །བདུད་དང་མུ་སྟེགས་ཅན་གཞན་དང་ཕལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་སྒུལ་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་རིའི་རྒྱལ་པོ་རྡོ་རྗེའི་ཁོར་ཡུག་ཤིན་ཏུ་བརྟན་ཞིང་མི་ཤིགས་པ་ལྟ་བུའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་པད་མོ་ལྟ་བུའོ། །བསྐལ་པ་ཐམས་ཅད་དུ་འབྱུང་བ་དང་། མཐོང་བར་དཀའ་བས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་མེ་ཏོག་ཨུ་དུམ་ཝ་ར་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་མ་རིག་པའི་མུན་ནག་དང་། རབ་རིབ་ཀྱི་རྨུགས་པ་སེལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་ཉི་མ་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱིས་བརྗོད་དུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་བར་སྣང་ལྟ་བུའོ། །
Domain ཆོས་ལུགས།

{{#arraymap:སེམས་བཅུ་

|; |@@@ | | }}

སེམས་བཅུ་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག གཡོ་བ་བྱང་ཆུབ་ཀྱི་སེམས་དང། སྨོན་པ་བྱང་ཆུབ་ཀྱི་སེམས་དང། ལྡང་བ་བྱང་ཆུབ་ཀྱི་སེམས་དང། སྦྱོར་བ་བྱང་ཆུབ་ཀྱི་སེམས་དང། འཇུག་པ་བྱང་ཆུབ་ཀྱི་སེམས་དང། དགའ་བ་བྱང་ཆུབ་ཀྱི་སེམས་དང། མི་འགྱུར་བ་བྱང་ཆུབ་ཀྱི་སེམས་དང། རིག་པ་བྱང་ཆུབ་ཀྱི་སེམས་དང། གནས་པ་བྱང་ཆུབ་ཀྱི་སེམས་དང། རྗོགས་པ་བྱང་ཆུབ་ཀྱི་སེམས་བཅས་བཅུ་སྟེ། ཀུན་འདུས་རིག་པ་ལས། དགུ་པོ་དེ་དག་རེ་རེ་ཡི། །སྐབས་སུ་སེམས་དང་ཆོས་ཕྲད་པས། །རིག་པ་བྱང་ཆུབ་སེམས་རེ་འབྱུང༌། །བྱང་ཆུབ་སེམས་ནི་གང་ཞེ་ན། །འདི་ཡི་གྲངས་ཀྱང་རྣམ་པ་བཅུ། །གཡོ་བ་བྱང་ཆུབ་སེམས་ཉིད་དང༌། །དེ་བཞིན་སྨོན་པ་བྱང་ཆུབ་སེམས། །ལྡང་བ་བྱང་ཆུབ་ཆེན་པོའི་སེམས། །དེ་བཞིན་སྦྱོར་བ་བྱང་ཆུབ་སེམས། །འཇུག་པའི་སེམས་དང་དགའ་བའི་སེམས། །མི་འགྱུར་བ་དང་རིག་པ་དང༌། །གནས་པ་དང་ནི་རྫོགས་པའོ། །བྱང་ཆུབ་སེམས་ཞེས་གྲགས་པས་ན། །སེམས་བཅུ་དག་ཏུ་རྒྱལ་བས་བཤད། །ཅེས་གསུངས་སོ། །

{{#arraymap:སེམས་བཅུ་

|; |@@@ | | }}