93022

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བསྐྱེད་ཀྱི་ཕན་ཡོན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སེམས་བསྐྱེད་སྒོམ་པ་ལ་བརྟེན་ནས་སྐྱེས་པའི་ཡོན་ཏན་ལ་སེམས་བསྐྱེད་ཀྱི་ཕན་ཡོན་ཟེར། དེ་ལྟ་བུའི་སེམས་བསྐྱེད་པ་ཕན་ཡོན་ཆེན་པོ་དང་ལྡན་ཏེ། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། སྔར་བསགས་ཀྱི་སྡིག་པ་འདག་ཅིང་ངན་སོང་གི་སྐྱེ་བ་བཅད་ནས་གནས་སྐབས་བདེ་འགྲོར་སྐྱེ་ཞིང་བདེ་གཤེགས་སྲས་ཞེས་པའི་བསྔགས་པ་ཐོབ། འཇིག་རྟེན་ལྷ་དང་བཅས་པའི་ཕྱག་བྱ་བའི་འོས་སུ་འགྱུར་བ་དང། མཐར་ཐུག་སངས་རྒྱས་ཐོབ་པ་སོགས་ཀྱི་ཕན་ཡོན་དང་ལྡན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང། །ཞེས་དང། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སེམས་བསྐྱེད་ཀྱི་ཕན་ཡོན་

|; |@@@ | | }}