93025

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བསྐྱེད་ཀྱི་རྒྱུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སེམས་བསྐྱེད་སྐྱེད་བྱེད་ཀྱི་རྒྱུ་དང་རྐྱེན་ལ་སེམས་བསྐྱེད་ཀྱི་རྒྱུ་ཞེས་ཟེར། རྒྱུ་དེ་ལ་སྤྱི་དང་བྱེ་བྲག་གཉིས་ལས། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཐེག་ཆེན་སེམས་བསྐྱེད་དེ་ཡང་རྒྱུ་བཞི་རྐྱེན་བཞི་སྟོབས་བཞི་ལས་སྐྱེ་བ་ཡིན་ཏེ། བྱང་ས་ལས། སེམས་བསྐྱེད་པ་དེ་ཡང་རྒྱུ་བཞི་རྐྱེན་བཞི་སྟོབས་བཞི་ལ་བརྟེན་ནས་སྐྱེ་བར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། །གཉིས་པ་གཙོ་བོའི་རྒྱུ་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་ཐེག་ཆེན་སེམས་བསྐྱེད་རྒྱུ་བཞི་རྐྱེན་བཞི་སྟོབས་བཞི་ལས་སྐྱེ་བ་ཡོད་དེ། ཐེག་ཆེན་དུ་རིགས་སད་པའི་རྒྱུ་དང། དགེ་བའི་བཤེས་གཉེན་གྱིས་ཟིན་པའི་རྒྱུ་དང། བརྩེ་བ་སྙིང་རྗེ་ཆེན་པོས་ཟིན་པའི་རྒྱུ་དང། གཞན་གྱི་དཀའ་སྤྱད་ལ་བཟོད་པའི་རྒྱུ་ལས་བསྐྱེད་པ་རྣམས་སུ་ཡོད་པའི་ཕྱིར། རྐྱེན་བཞི་ཡོད་དེ། བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་མཐོང་བ་དང། བྱང་སེམས་ཀྱི་སྡེ་སྣོད་མང་དུ་ཐོས་པ་དང། ཐེག་ཆེན་གྱི་བསྟན་པ་ཉམས་པ་མ་བཟོད་པ་དང། སྙིགས་མའི་དུས་འདིར་སེམས་བསྐྱེད་པ་དཀོན་པར་མཐོང་བའི་རྐྱེན་གྱིས་སེམས་བསྐྱེད་པ་རྣམས་སུ་ཡོད་པའི་ཕྱིར། སྟོབས་ལ་ཡང་བཞི་ཡོད་དེ། རང་གི་སྟོབས། གཞན་གྱི་སྟོབས། སྒོམ་པའི་སྟོབས། སྦྱོར་བའི་སྟོབས་རྣམས་ལས་སྐྱེ་བའི་ཕྱིར། དེ་བཞིའི་ངོ་བོ་ཡང་ཡོད་དེ། གཞན་སྡུག་བསྔལ་བ་ལ་མ་ལྟོས་པར་རང་སྟོབས་ཀྱིས་སྐྱེ་བ་དང་པོ་དང། གཞན་སྡུག་བསྔལ་བ་ལ་ལྟོས་པའི་སྟོབས་ཀྱིས་སྐྱེ་བ་གཉིས་པ་དང། ཚེ་རབས་སྔ་མར་སེམས་བསྐྱེད་གོམས་པའི་མཐུས་གསར་དུ་སྐྱེ་བ་གསུམ་པ་དང། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་དྲིན་གྱིས་སྐྱེ་བ་བཞི་པ་ཡིན་པའི་ཕྱིར་ཏེ། རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་སྒོམ་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས།
Domain ཆོས་ལུགས།

{{#arraymap:སེམས་བསྐྱེད་ཀྱི་རྒྱུ་

|; |@@@ | | }}

སེམས་བསྐྱེད་ཀྱི་རྒྱུ་ (2)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐེག་ཆེན་སེམས་བསྐྱེད་སྐྱེ་བའི་རྒྱུ་དེ་ལ་དུ་མར་ཡོད་དེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཕུན་སུམ་ཚོགས་པར་མཐོང་ནས་དེ་ལྟ་བུ་ཐོབ་ན་སྙམ་པས་རྐྱེན་བྱས་ནས་དང། དེའི་མཐུ་ཕུལ་དུ་བྱུང་བ་མཐོང་ནས་དེ་ལྟ་བུ་ཐོབ་ན་སྙམ་པས་རྐྱེན་བྱས་ནས་དང། སངས་རྒྱས་ཀྱི་བསྟན་པ་ནུབ་པར་མ་བཟོད་པས་རྐྱེན་བྱས་ནས་ཐེག་པ་ཆེན་པོར་སེམས་བསྐྱེད་པ་སོགས་དུ་མ་ཡོད་པའི་ཕྱིར།

{{#arraymap:སེམས་བསྐྱེད་ཀྱི་རྒྱུ་

|; |@@@ | | }}