93026

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བསྐྱེད་ཀྱི་རྟེན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སེམས་བསྐྱེད་སྐྱེ་བའི་ལུས་རྟེན་དང་སེམས་རྟེན་ལ་སེམས་བསྐྱེད་ཀྱི་རྟེན་ཞེས་ཟེར། ལུས་རྟེན་ལ་ཡང་གཉིས་ཏེ། སྨོན་སེམས་སྐྱེ་བའི་ལུས་རྟེན་དང། འཇུག་སེམས་སྐྱེ་བའི་ལུས་རྟེན་ནོ། །དང་པོ་ནི། འགྲོ་བ་རིགས་དྲུག་ཀའི་རྟེན་ལ་སྨོན་སེམས་དངོས་སུ་གསར་དུ་སྐྱེ་བ་ཡོད་དེ། མདོ་ལས། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་ལྷ་མི་གཉིས་དང། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཀླུ་ཉི་ཁྲི་ཆིག་སྟོང་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅེས་པ་དང། གཉིས་པ་འཇུག་སེམས་དངོས་སུ་གསར་དུ་སྐྱེ་བའི་ལུས་རྟེན་ལ་ལྷ་མི་གང་རུང་ཞིག་དགོས་སྙམ་སྟེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དེ་ལྟ་མ་ཡིན་ན། འདོད་ལྷའི་རྟེན་ཅན་གྱི་བྱང་སེམས་དང་ཁམས་གོང་གི་རྟེན་ཅན་གྱི་བྱང་སེམས་ཀྱི་རྒྱུད་ལ་འཇུག་སྡོམ་དངོས་སུ་གསར་དུ་སྐྱེ་བ་མེད་པར་འགྱུར་རོ། །ཞེས་གསུངས། གཉིས་པ་སེམས་རྟེན་ནི། ཐེག་ཆེན་སེམས་བསྐྱེད་སྐྱེ་བའི་སེམས་རྟེན་ཡོད་དེ། རྒྱལ་བ་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། རྒྱལ་སྲས་ཀྱི་དཀའ་སྤྱད་བཟོད་པའི་བརྩོན་འགྲུས་རྣམས་དང། དད་པ་ལ་བརྟེན་ནས་སྐྱེ་བ་ཡོད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:སེམས་བསྐྱེད་ཀྱི་རྟེན་

|; |@@@ | | }}