93028
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་བྱུང་བ་སྟེ། གཅིག་ཚན་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་དེ་མ་རྟོགས་པ་ལ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་སྐྱེད་པ་ལ་ལྟོས་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་ཅེས་བྱའོ། ། ཉིས་ཚན་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བསླབ་པ་ལ་ལྟོས་ནས་གཉིས་སམ། རགས་པ་བརྡ་ལས་བྱུང་བ་དང་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་ཁྱད་པར་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་གཉིས་སོ། ། སུམ་ཚན་ནི། དག་པར་བྱེད་པ་ཚུལ་ཁྲིམས། གནས་པར་བྱེད་པ་ཏིང་འཛིན། གྲོལ་བར་བྱེད་པ་ཤེས་རབ་ཀྱི་བསླབ་པ་ལ་ལྟོས་ནས་སེམས་བསྐྱེད་གསུམ། གཞན་ཡང་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་ལྟོས་ནས་ཀྱང་གསུམ་དུ་དབྱེར་ཡོད་དོ། ། བཞི་ཚན་ནི། ཚོགས་སྦྱོར། མ་དག་ས་བདུན། དག་པ་ས་གསུམ། སངས་རྒྱས་ཀྱི་ས་རྣམས་ན་རིམ་པར་མོས་པས་སྤྱོད་པའི་སེམས་བསྐྱེད་བཞི་ཡོད་དེ། མདོ་སྡེ་རྒྱན་ལས་ཀྱང་། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། ། ལྔ་ཚན་ནི། ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་དང་ལྔ་སྟེ། ཉི་ཁྲི་ལས། ལས་དང་པོ་བའི་སེམས་བསྐྱེད་པ། ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད་པ། ཆོས་མཐོང་བའི་སེམས་བསྐྱེད་པ། རྣམ་པར་གྲོལ་བའི་སེམས་བསྐྱེད་པ། བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་དང་ལྔའོ། ། དྲུག་ཚན་ནི། ཕ་རོལ་ཕྱིན་པ་དྲུག་ལ་ལྟོས་ནས་སེམས་བསྐྱེད་དྲུག་སྟེ། དེ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་བསྐྱེད་པ་དྲུག་པོ་གང་དང་ལྡན་པས་ཞེས་སོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་བསྐྱེད་གཅིག་ཚན་ནས་དྲུག་ཚན་བར་ཚན་པ་དྲུག་
|; |@@@ | | }}