93031
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་ན། ས་ལྟ་བུའི་སེམས་བསྐྱེད། གསེར་ལྟ་བུའི་སེམས་བསྐྱེད། ཟླ་བ་ལྟ་བུའི་སེམས་བསྐྱེད། མེ་ལྟ་བུའི་སེམས་བསྐྱེད། གཏེར་ལྟ་བུའི་སེམས་བསྐྱེད། རིན་ཆེན་འབྱུང་གནས་ལྟ་བུའི་སེམས་བསྐྱེད། རྒྱ་མཚོ་ལྟ་བུའི་སེམས་བསྐྱེད། རྡོ་རྗེ་ལྟ་བུའི་སེམས་བསྐྱེད། རིའི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད། སྨན་ལྟ་བུའི་སེམས་བསྐྱེད། དགེ་བའི་ཤེས་གཉེན་ལྟ་བུའི་སེམས་བསྐྱེད། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སེམས་བསྐྱེད། ཉི་མ་ལྟ་བུའི་སེམས་བསྐྱེད། ཆོས་ཀྱི་སྒྲ་དབྱངས་ལྟ་བུའི་སེམས་བསྐྱེད། རྒྱལ་པོ་ལྟ་བུའི་སེམས་བསྐྱེད། བང་མཛོད་ལྟ་བུའི་སེམས་བསྐྱེད། ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད། བཞོན་པ་ལྟ་བུའི་སེམས་བསྐྱེད། བཀོད་མའི་ཆུ་ལྟ་བུའི་སེམས་བསྐྱེད། སྒྲ་སྙན་ལྟ་བུའི་སེམས་བསྐྱེད། ཆུ་བོའི་རྒྱུན་ལྟ་བུའི་སེམས་བསྐྱེད། སྤྲིན་ལྟ་བུའི་སེམས་བསྐྱེད་དང་ཉེར་གཉིས་ཡོད་དེ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:སེམས་བསྐྱེད་ཉེར་གཉིས་
|; |@@@ | | }}