93032
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། སེམས་བསྐྱེད་ཉེར་གཉིས་ཡོད་པ་དེ་ལ་དང་པོ་གསུམ་ནི་གཙོ་ཆེར་ལས་དང་པོ་པའི་སས་བསྡུས་སོ། །ཇི་ལྟར་ན་དང་པོ་ཚོགས་ལམ་ཆུང་ངུ་། གཉིས་པ་འབྲིང་། གསུམ་པ་ཆེན་པོས་གཙོ་ཆེར་བསྡུས་སོ། །དེའི་འོག་མ་གཅིག་ནི་ས་དང་པོ་པ་ལ་འཇུག་པ་ངེས་འབྱེད་ཆ་མཐུན་སྦྱོར་བའི་ལམ་གྱིས་གཙོ་ཆེར་བསྡུས་སོ། །དེའི་འོག་མ་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་རིམ་པ་བཞིན་གཙོ་ཆེར་བསྡུས་ཏེ། དེ་རྣམས་རིམ་པ་བཞིན་མཐོང་ལམ་དང་སྒོམ་ལམ་ཆུང་འབྲིང་དགུ་ལ་གཙོ་ཆེར་སྤྱོད་པའི་ཡུལ་ཅན་ཡིན་པའི་ཕྱིར། །དེའི་འོག་མ་ལྔ་ནི་ཁྱད་པར་གྱི་ལམ་དག་པ་སས་གཙོ་ཆེར་བསྡུས་སོ། །དེའི་འོག་མ་སེམས་བསྐྱེད་པ་གསུམ་ནི་སངས་རྒྱས་ཀྱི་སས་བསྡུས་སོ། །ཇི་ལྟར་ན་དང་པོ་ནི་སངས་རྒྱས་ས་ལ་འཇུག་པའི་སྦྱོར་བའི་ལམ་དང་། གཉིས་པ་དངོས་གཞི་མཉམ་བཞག་དང་། གསུམ་པ་རྗེས་ཐོབ་ཀྱིས་བསྡུས་སོ། །མདོར་ན་སེམས་བསྐྱེད་པའི་རབ་དབྱེ་ཆོས་ཅན། ལས་དང་པོ་པའི་ས་ནས་སངས་རྒྱས་པའི་བར་གྱི་བསྡུས་པ་ཡིན་ཏེ། ཚོགས་ལམ་ཆུང་ངུ་ནས་སྤྲུལ་སྐུའི་བར་གྱིས་བསྡུས་པ་དེའི་ཕྱིར་རོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི། ལས་དང་པོ་པའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ཏེ། ཚོགས་ལམ་ནས་སངས་རྒྱས་ཀྱི་རྗེས་ཐོབ་ཀྱི་བར་དུ་ཡོད་པར་བསྟན་པ་དེ་ལྟར་ནའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་
|; |@@@ | | }}