93038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བསྐྱེད་པ་བརྟན་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་སྒྲིབ་པའི་ལས་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༢ སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་བརྟན་པ་ཡོངས་སུ་གཟུང་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༣ བདུད་ཐམས་ཅད་རབ་ཏུ་ཕམ་པར་བྱ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༤ ལུས་དང་སྲོག་ཐམས་ཅད་ལ་མི་ལྟ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༥ མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་བཞིན་དུ་ཚར་གཅད་པའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༦ འགྲོ་བ་ཐམས་ཅད་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༧ འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མངོན་པར་དགའ་བར་བྱ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༨ ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཡོངས་སུ་གདུལ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༩ ཆོས་ཟབ་མོ་རྣམ་པར་བསྒོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་རྣམ་པར་བཟློག་པའི་ཕྱིར། སེམས་བརྟན་པ་བསྐྱེད་པ། ༡༠ བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་མི་སྐྱོ་བའི་རྒྱུད་དུ་བྱ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པའོ། །
Domain ཆོས་ལུགས།

{{#arraymap:སེམས་བསྐྱེད་པ་བརྟན་པ་བཅུ་

|; |@@@ | | }}