93039
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་འཛིན་པ། ཆུང་མ་ཡོངས་སུ་འཛིན་པའི་ཉེས་པས་ཀྱང་གོས་པར་མི་འགྱུར་བའོ། །དེ་ལ་ཆུང་མ་ཡོངས་སུ་འཛིན་པའི་ཉེས་པ་ནི་འདི་ཡིན་ཏེ། ཆུང་མ་ལ་ཕན་འདོགས་པ་དང༌། གནོད་པ་བྱེད་པ་ལས་མཐུན་པ་དང་མི་མཐུན་པས་ཉོན་མོངས་པ་ཅན་དུ་འགྱུར་བ་སྟེ། དེ་གཉིས་ནི་བྱང་ཆུབ་སེམས་དཔའ་ལ་མེད་དོ། ། |
| Domain | ཆོས་ལུགས། |