93045
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་སངས་རྒྱས་ཐམས་ཅད་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༢ ཆོས་ཀྱི་དབྱིངས་ཐམས་ཅད་དུ་འཇུག་པ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༣ འགྲོ་བ་ཐམས་ཅད་ཀྱི་ཞིང་དང་། དུས་དང་། ཆོས་ཀྱི་དབྱིངས་སུ་འཇུག་པ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༤ ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་ལྟ་བ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༥ བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་རྒྱ་ཆེར་བརྟག་པ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༦ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡིད་ལ་བྱ་བ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༧ ལས་དང་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པར་འཇུག་པ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༨ སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༩ འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ། ༡༠ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་ལྟ་བ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པའོ། །བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པ་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ལྟ་བུ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ ། |
Domain | ཆོས་ལུགས། |
{{#arraymap:སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་བཅུ་
|; |@@@ | | }}