93062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བྱུང་ (1)
Part of speech མིང་ཚིག
Definition སེམས་ཁམས་ཀྱི་འགྱུར་བ་སྣ་ཚོགས།

{{#arraymap:སེམས་བྱུང་

|; |@@@ | | }}

སེམས་བྱུང་ (2)
Part of speech མིང་ཚིག
Definition མདོ། མངོན་པ། ངེས་ཚིག མཆིམས་མཛོད་ལས། ལྔ་པ་ནི་སེམས་ལས་འཕྲལ་འཕྲལ་དུ་སྐྱེས་པའི་ཕྱིར་སེམས་ལས་བྱུང་བ་སྟེ། མདོ་ལས། འདུ་ཤེས་དང་སེམས་པའི་ཆོས་འདི་རྣམས་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། མཚན་ཉིད། མཆིམས་མཛོད་ལས། དང་པོ་ནི་སེམས་དང་མཚུངས་ལྡན་ལྔས་མཚུངས་པར་གནས་པ་སྟེ། ཞེས་གསུངས། ཡུལ་གྱི་ངོ་བོ་དང་ཁྱད་པར་གཉིས་ཀྱི་ནང་ནས་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་ཤེས་པ་ནི་སེམས་འབྱུང་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། སེམས་དང་སེམས་བྱུང་གི་ཡུལ་མཐོང་ཚུལ་གྱི་ཁྱད་པར་ཡོད་དེ། སེམས་ཀྱིས་ནི་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་ཞིང༌། སེམས་བྱུང་གིས་ཡུལ་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བ་ཡིན། སྐབས་འདིའི་ངོ་བོ་དང་ཁྱད་པར་ཞེས་པ་ནི་ཁྱད་གཞི་དང་ཁྱད་ཆོས་ལ་བྱེད་པ་ཡིན་ཏེ། དཔེར་ན་ཁྱད་གཞི་བུམ་པ་ལ་ངོ་བོ་དང༌། ཁྱད་ཆོས་མཆུ་ཞབས་ལྟོ་བ་སོགས་ལ་ཁྱད་པར་ཞེས་བརྗོད་པར་སྣང་ཞིང༌། དེ་ཙམ་ཞིག་ཏུ་ངེས་པ་ཡང་མ་ཡིན་ཏེ། ནང་བསྲེས་ཞིབ་ཏུ་ཕྱེ་ནས་ཆོས་ཐམས་ཅད་ལ་ངོ་བོ་དང་ཁྱད་པར་རམ་ཁྱད་གཞི་དང་ཁྱད་ཆོས་ཚང་སྟེ། བུམ་པའི་ཆུ་ཁྱད་གཞིར་བཟུང་ན། དེའི་དབྱིབས་དང་ཁ་དོག་སོགས་ཁྱད་ཆོས་དང༌། དེའི་ཁ་དོག་ཁྱད་གཞིར་བཟུང་ན། དེའི་ཆ་ཤས་རྣམས་ཁྱད་ཆོས་སུ་འགྱུར་བ་སོགས་ཡིན་ལ། འོན་ཀྱང་བྱེ་བྲག་སྨྲ་བས་རྡུལ་ཕྲ་རབ་སོགས་ཆ་མེད་དུ་འདོད་པ་ལྟར་ན་དེ་འདྲ་བ་འགའ་ཞིག་ལ་ནི་ཁྱད་གཞི་དང་ཁྱད་ཆོས་སོ་སོར་འབྱེད་དུ་མེད་ལ། གཞན་ཐམས་ཅད་ལ་ཡོད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སེམས་བྱུང་

|; |@@@ | | }}