93066
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། སེམས་བྱུང་གང་ཞིག་རང་གི་ངོ་བོ་སེམས་བྱུང་གཞན་ལས་ལོགས་སུ་རྫས་ཐ་དད་པར་གྲུབ་པ་མིན་པར་ངོ་བོ་དང་རྫས་སེམས་བྱུང་དེ་དང་དེ་ལས་ལོགས་སུ་མེད་ཀྱང༌། བྱེད་ལས་དང་གནས་སྐབས་ཀྱི་ཁྱད་པར་སོགས་ལས་མིང་གཞན་དུ་བཏགས་པའི་སེམས་བྱུང་ནི་སེམས་བྱུང་བཏགས་ཡོད་ཡིན་ཏེ། མཆིམས་མཛོད་ལས། ཉི་ཤུ་རྩ་གཉིས་ནི་བརྗོད་པ་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློ་ཡུལ་དུ་འགྱུར་བས་རྫས་ཡོད་དང༌། ལྷག་མ་ཉི་ཤུ་རྩ་དགུ་ནི་རྒྱུ་མཚན་དེ་ལས་བཟློག་པས་བཏགས་ཡོད་ཡིན་(པའམ། ཁ་ཅིག་ན་རེ་གང་ཞིག་རང་གི་ངོ་བོ་ལོགས་སུ་གྲུབ་པ་ནི་རྫས་ཡོད་དང༌། གང་ཞིག་ལས་རང་བཞིན་ལོགས་སུ་གྲུབ་པ་མེད་པ་ལོགས་སུ་བརྗོད་པ་ནི་བཏགས་ཡོད་ཡིན་ནོ་ཞེས་ཟེར། )ཏེ། ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། འདིར་སེམས་བྱུང་ལ་རྫས་ཡོད་དང༌། བཏགས་ཡོད་དུ་བཤད་པའི་དོན་ནི། སེམས་བྱུང་གང་ཞིག ། རང་གི་ངོ་བོ་སེམས་བྱུང་གཞན་ལས་ལོགས་སུ་རྫས་ཐ་དད་པར་གྲུབ་པ་ནི་རྫས་ཡོད་དང༌། དེ་ལྟ་མིན་པར་ངོ་བོ་དང་རྫས་སེམས་བྱུང་དེ་དང་དེ་ལས་ལོགས་སུ་མེད་ཀྱང༌། བྱེད་ལས་དང་གནས་སྐབས་ཀྱི་ཁྱད་པར་སོགས་ལས་མིང་གཞན་དུ་བཏགས་པའི་སེམས་བྱུང་ནི་བཏགས་ཡོད་ཡིན་ཏེ། དཔེར་ན་ཤེས་རབ་དང༌། ལྟ་བ་ལྔ་ལྟ་བུ་སྟེ། ཤེས་རབ་ནི་སེམས་བྱུང་གཞན་ལ་བཏགས་པ་མིན་པར་རང་གི་ངོ་བོ་ལོགས་སུ་གྲུབ་པས་རྫས་ཡོད་དང༌། ལྟ་བ་ལྔ་ནི་འཛིན་ཚུལ་དང་བྱེད་ལས་སོགས་ཀྱི་ཁྱད་པར་ལ་བརྟེན་ནས་མིང་ལོགས་སུ་བཏགས་པ་ལས་ངོ་བོ་ཤེས་རབ་ཉིད་ཀྱི་རྫས་སུ་གྲུབ་པས་བཏགས་ཡོད་ཡིན་པ་ལྟ་བུའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སེམས་བྱུང་བཏགས་ཡོད་
|; |@@@ | | }}