93079
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་བསོད་ནམས་ཐམས་ཅད་བསགས་པ་ལ་སེམས་མཉམ་པ་ཉིད། སྨོན་ལམ་རྣམ་པ་ཐ་དད་པས་འབྱུང་བ་ཐམས་ཅད་ལ་སེམས་མཉམ་པ་ཉིད། སེམས་ཅན་གྱི་རིས་ཐམས་ཅད་ལ་སེམས་མཉམ་པ་ཉིད། སེམས་ཅན་གྱི་ལས་རྣམ་པར་སྨིན་པ་ལ་འཇུག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད། ཆོས་ལ་འཇུག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད། ཞིང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད། སེམས་ཅན་གྱི་མོས་པ་ལ་འཇུག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད། སྤྱོད་པའི་རྣམ་པར་རྟོག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད། སངས་རྒྱས་ཀྱི་སྟོབས་དང་། མི་བསྙེངས་པ་ལ་འཇུག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བ་ལ་སེམས་མཉམ་པ་ཉིད་དོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་མཉམ་པ་ཉིད་བཅུ་
|; |@@@ | | }}