93086
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཁ་ཆ་བྱེ་བྲག་སྨྲ་བ། སེམས་མེད་པའི་གནས་སྐབས་གསུམ་སྟེ་འདུ་ཤེས་མེད་པ་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་གསུམ་ཁོ་ན་ཡིན་ཏེ། མཆིམས་མཛོད་ལས། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ལྟར་ན་སྤྱིར་སྙོམས་འཇུག་གཉིས་དང་འདུ་ཤེས་མེད་པ་པ་དང་སེམས་མེད་གསུམ་ཁོ་ནར་འདོད་དེ། སློབ་དཔོན་གང་སྤེལ་གྱིས་གཉིད་དང་བརྒྱལ་བ་སེམས་མེད་པར་ཁས་མ་བླངས་པའི་ཕྱིར་དང་ཞེས་བཤད་པའི་ཕྱིར་དང༌། ལྷག་མེད་ཀྱི་དབྱིངས་ནི་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆད་པས་རྒྱུད་ཀྱིས་བསྡུས་པའི་སེམས་མེད་མ་ཡིན་པའི་ཕྱིར་དང༌། སྨྱོ་བ་ལ་སོགས་པ་ནི་གཡེངས་པའི་སེམས་བཅས་ཡིན་པའི་ཕྱིར་དང༌། འདིའི་གཞུང་གོང་འོག་ཀུན་དུའང་སེམས་མེད་གསུམ་པོ་ཁོ་ན་ལས་གཞན་མ་བཤད་པའི་ཕྱིར་རོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སེམས་མེད་གནས་སྐབས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སེམས་ཙམ་པ། སེམས་མེད་པའི་གནས་སྐབས་ལྔ་འདོད་དེ་འདུ་ཤེས་མེད་པ་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་དང་གཉིད་ཐུག་དང་བརྒྱལ་བ་རྣམས་ཡིན་ཏེ། མཆིམས་མཛོད་ལས། སེམས་མེད་ནི་སྤྱིར་རྣལ་འབྱོར་སྤྱོད་པ་བ་ལྟར་ན་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང༌། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་(འདུ་ཤེས་མེད་པ་བ་རྒྱུ་འབྲས་ལ་ཉོན་ཡིད་དང་ཀུན་གཞི་ཡོད་ཅིང་འགོག་པའི་སྙོམས་འཇུག་ལ། )ཀུན་གཞི་ཡོད་ཀྱང་ཡིད་ཤེས་མེད་པས་སེམས་མེད་ཀྱི་གནས་སྐབས་ལྔ་བཤད་ཅིང༌། ཞེས་གསུངས། |
{{#arraymap:སེམས་མེད་གནས་སྐབས་
|; |@@@ | | }}