93106
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རང་རྒྱུ་ཤེས་པ་སྔ་མའི་བག་ཆགས་ཀྱི་མཐུ་ལས་རང་འབྲས་དབང་ཤེས་མ་འཁྲུལ་བ་རང་རང་གི་དམིགས་རྐྱེན་སོ་སོ་འཛིན་ནུས་སུ་བསྐྱེད་བྱེད་ཀྱི་ནུས་པ་དེ་དབང་མངོན་གྱི་བདག་རྐྱེན་དང་། ལྷན་ཅིག་བྱེད་རྐྱེན་ཡིན་ཏེ། ལྷན་ཅིག་བྱེད་དབང་ཞེས་སོགས་གསུངས་པའི་ཕྱིར། ཞེས་དང་། སྔོར་སྣང་དབང་ཤེས་རང་གི་དམིགས་རྐྱེན་དུ་གྱུར་པའི་སྔོར་སྣང་གི་བག་ཆགས་འཛིན་བྱེད་དུ་བསྐྱེད་པའི་ནུས་པ་དེ་སྔོར་སྣང་དབང་ཤེས་ཀྱི་བདག་རྐྱེན་ཡིན་ནོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། ། |
Domain | ཚད་མ། |
{{#arraymap:སེམས་ཙམ་ལུགས་ཀྱི་དབང་མངོན་བདག་རྐྱེན་
|; |@@@ | | }}