93107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཙམ་ལུགས་ཀྱི་བདེན་རྫུན་གྱི་རྣམ་གཞག་ (1)
Part of speech མིང་ཚིག
Definition དོན་དུ་སྣང་བ་བློ་ཉིད་ཡིན། །སྣང་བ་དེ་ཉིད་ཕྱི་ན་མེད། །བག་ཆགས་བརྟན་དང་མི་བརྟན་ལས། །བདེན་དང་བརྫུན་པའི་རྣམ་གཞག་བྱེད། །ཅེས་བྱ་བ། སྣང་བ་ཅི་སྐྱེས་པ་ཤེས་པ་ཡིན་ལ། དེའང་ཕྱི་རོལ་གྱི་ཡུལ་དུ་གྲུབ་པ་མེད་ཅིང་ཡུལ་མེད་པར་མཚུངས་ཀྱང་བག་ཆགས་བརྟན་པའི་སྒོ་ནས་ཟླ་བ་གཅིག་དང་དུང་དཀར་འཛིན་ལ་སོགས་པ་ཚད་མར་འཇོག་ལ། ཟླ་བ་གཉིས་དང་དུང་སེར་འཛིན་ལ་སོགས་པ་བག་ཆགས་མི་བརྟན་པའི་ཕྱིར་ཚད་མ་མ་ཡིན་པར་འཇོག་གོ ། ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། དོན་དུ་སྣང་བ་ཅི་སྐྱེས་པ་ཐམས་ཅད་བློ་ཉིད་ཡིན་ལ། སྣང་བ་དེ་ཉིད་ཕྱི་རོལ་ན་མེད་པས། ཕྱི་རོལ་གྱི་དོན་མེད་པར་མཚུངས་ཀྱང་། བག་ཆགས་བརྟན་པ་དང་མི་བརྟན་པའི་དབྱེ་བས་ཐ་སྙད་དུ་སླུ་བ་དང་མི་སླུ་བ་ལ་ལྟོས་ནས། བདེན་པས་ཏེ་ཚད་མ་དང་རྫུན་པས་ཏེ་ཚད་མིན་གྱི་རྣམ་བཞག་བྱེད་པའི་ཕྱིར། །ཚད་མ་ཡིན་མ་ཡིན་གྱི་རྣམ་དབྱེ་མེད་པར་མི་འགྱུར་རོ། །རྣམ་ངེས་ལས། ཤེས་པ་ཐམས་ཅད་ཀྱི་ཡུལ་བཟློག་པ་ན་བསླད་པ་དང་། ཅིག་ཤོས་སུ་ཇི་ལྟར་སྨྲ་སྟེ་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། ཉེ་བར་སླད་པའི་བག་ཆགས་མཚམས་སྦྱོར་བ་མེད་པའི་སྐྱོན་གྱིས་མི་མཁས་པས་ཀྱང་ཐ་སྙད་ལ་ཡིད་གཏན་དུ་མེད་པར་མཐོང་བས་གཅིག་ནི་ཚད་མ་མ་ཡིན་པར་བརྗོད་ལ། གཞན་བག་ཆགས་བརྟན་པའི་ཕྱིར། འཁོར་བ་ཇི་སྲིད་བར་མི་འབྲལ་བར་རྗེས་སུ་འགྲེལ་བ་ནི། ཐ་སྙད་ལ་མི་སླུ་བ་ལ་ལྟོས་ནས་འདིར་ཚད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །
Domain ཚད་མ།

{{#arraymap:སེམས་ཙམ་ལུགས་ཀྱི་བདེན་རྫུན་གྱི་རྣམ་གཞག་

|; |@@@ | | }}