93108
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་བསླབ་བྱ་ལ་གཉིས་ཏེ། དང་པོ་ལ་ཕམ་འདྲ་བཞི་ནི་སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་སོ། ། གཉིས་པ་ཡན་ལག་གི་ཉེས་བྱས་བཞི་བཅུ་ཞེ་དྲུག་ནི། དགེ་བ་ཆོས་སྡུད་དང་འགལ་བ་སོ་བཞི། སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས། དང་པོ་ལ་སྦྱིན་པ་དང་འགལ་བ་བདུན། ཚུལ་ཁྲིམས་དང་འགལ་བ་དགུ བཟོད་པ་དང་འགལ་བ་བཞི། བརྩོན་འགྲུས་དང་འགལ་བ་གསུམ། བསམ་གཏན་དང་འགལ་བ་གསུམ། ཤེས་རབ་དང་འགལ་བ་བརྒྱད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་ཙམ་ལུགས་ཀྱི་བྱང་སྡོམ་གྱི་བསླབ་བྱ་
|; |@@@ | | }}