93109
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ༡ སྦྱོར་བ་ནི། སློབ་དཔོན་ཐོགས་མེད་སོ་སོར་ཐར་པ་རིགས་བདུན་གྱིས་ཟིན་པ་ཅིག་སེམས་དགའ་བ་ལ་སྐྱེ་བའི་དབང་དུ་བྱས་ནས། ཕྱག་དང་མཆོད་པ་ཙམ་བྱས་ནས། སེམས་ཙམ་པ་ལྟ་བ་ཅུང་ཟད་དམན་པ། སྤྱོད་པའང་ཅུང་ཟད་དོག་པས་ཉན་ཐོས་ཀྱི་སྡོམ་པ་འབོགས་པ་ལྟར་བསླབ་པ་བརྗོད་པ་དང། བར་ཆད་དྲི་བ་སོགས་མཛད་ལ། ༢ དངོས་གཞི་ནི། སྨོན་པ་བླངས་ནས་ཕྱི་ནས་འཇུག་པ་མཛད་ལ། ༣ མཇུག་ནི། མཁྱེན་པར་གསོལ་བ་ལ་སོགས་པ་མཛད་པ་ཡིན་ནོ་ཞེས་ས་པཎ་གྱི་སེམས་བསྐྱེད་ཆེན་མོའི་ཆོ་ག་ལས་སོ། ། ༡ སྦྱོར་བ་ནི། སེམས་ཙམ་པ་རྣམས་ཀྱིས་ནི་ཕྱག་འཚལ་བ་དང། མཆོད་པ་འབུལ་བ་གཉིས་བྱེད་ཀྱི་ལྷག་མ་རྣམས་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཤེས་སམ། ཞེས་སོགས་བར་ཆད་དྲི་བ་མཛད་དོ། །༢ དངོས་གཞི་ནི། ཐོག་མར་སྨོན་པ་བླངས་ནས་དེའི་རྗེས་སུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསླབས་ཏེ་བསླབ་བྱ་རྣམས་ཉམས་འོག་ཏུ་ཚུད་པར་བྱས་ནས་བསྒྲུབ་པར་ནུས་ན་འཇུག་སྡོམ་ལེན་ནོ། །༣ མཇུག་ནི། མཁྱེན་པར་གསོལ་བ་མཛད་དེ། དེ་ལྟར་ནོད་པའི་བྱང་ཆུབ་སེམས་དཔའ་དེ་མ་ལངས་པར་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་སྐྱོང་བ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས་འདི་ལྟར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་སྟེ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ནོད་པའི་བྱང་ཆུབ་སེེམས་དཔའ་འདིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་བ་ལ་དཔང་དུ་གྱུར་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་འཕགས་པའི་ཚོགས་ལྐོག་ཏུ་གྱུར་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་མཁྱེན་པ་ཅན་རྣམས་ལ་མཁྱེན་པར་གསོལ་ལོ། །ཞེས་དེ་སྐད་ལན་གཉིས་སམ་གསུམ་གྱི་བར་དུ་བརྗོད་པར་བྱའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་ཙམ་ལུགས་ཀྱི་བྱང་སྡོམ་ལེན་པའི་ཆོ་ག་
|; |@@@ | | }}