93114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཙམ་ལུགས་ཀྱི་རྟེན་འབྲེལ་འཇོག་པའི་གཞི་ (1)
Part of speech མིང་ཚིག
Definition འདིའི་ལུགས་ལ་རྟེན་འབྲེལ་གྱི་རྣམ་གཞག་འདུས་བྱས་ཐམས་ཅད་ལ་བརྩི་ཡི། འདུས་མ་བྱས་ལ་ནི་མི་རྩི་སྟེ། དེ་ལ་རྟེན་འབྲེལ་གྱི་མཚན་ཉིད་གསུམ་པོ་དེ་མ་ཚང་བའི་ཕྱིར། གསུམ་གང་ཞེ་ན། གཡོ་བ་མེད་པའི་རྐྱེན་གྱིས་བྱུང་བ། མི་རྟག་པའི་རྐྱེན་གྱིས་བྱུང་བ། ནུས་པའི་རྐྱེན་གྱིས་བྱུང་བའོ། །དེ་གསུམ་གྱི་ངོས་འཛིན་རིམ་པ་བཞིན། ཕྱིའི་རྟེན་འབྲེལ་མྱུ་གུ་སོགས་དང་། ནང་གི་རྟེན་འབྲེལ་མ་རིག་སོགས་ལ། གཡོ་བ་མེད་པའི་རྐྱེན་གྱིས་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱུ་རྐྱེན་དེ་དང་དེ་ཚོགས་པ་ལས་འབྲས་བུ་འབྱུང་བ་ཡིན་གྱི་བདག་གིས་འབྲས་བུ་འདི་བསྐྱེད་པར་བྱའོ་སྙམ་པའི་བློ་སྔོན་དུ་བཏང་བའི་གཡོ་བ་མེད་པའི་ཕྱིར། འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་འདི་ཡོད་པས་འདི་འབྱུང་ཞེས་པ་དང་། ཡང་དེ་གཉིས་ལ། མི་རྟག་པའི་རྐྱེན་གྱིས་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཡོ་བ་མེད་པ་ལས་བྱུང་དུ་ཟིན་ཀྱང་རྟག་པས་འབྲས་བུ་བསྐྱེད་ན་འབྲས་བུ་ཐམས་ཅད་ཅིག་ཆར་བསྐྱེད་པར་ཐལ་བའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་གསུངས་སོ། །ཡང་དེ་ཉིད་ལ། ནུས་པའི་རྐྱེན་གྱིས་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཡོ་བ་མེད་པ་དང་། མི་རྟག་ཏུ་ཟིན་ཀྱང་རྐྱེན་གང་ཡང་རུང་བས་འབྲས་བུ་ཐམས་ཅད་བསྐྱེད་པ་མིན་པའི་ཕྱིར་དང་། བསྐྱེད་པར་ནུས་པའི་རྐྱེན་གྱིས་འབྲས་བུ་བསྐྱེད་པ་ཡིན་པའི་ཕྱིར། འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་རྟེན་འབྲེལ་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:སེམས་ཙམ་ལུགས་ཀྱི་རྟེན་འབྲེལ་འཇོག་པའི་གཞི་

|; |@@@ | | }}