93116

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཙམ་ལུགས་ཀྱི་རྩ་ལྟུང་ (1)
Part of speech མིང་ཚིག
Definition རྩ་ལྟུང་བྱུང་བའི་རྒྱུ་སྨོན་པ་སེམས་བསྐྱེད་བཏང་བ་དང། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆེན་པོ་སྤྱོད་པ་གཉིས་ཡིན་ལ། དཀོན་མཆོག་གསུམ་སྤངས་ནའང་སྡོམ་པ་གཏོང་བར་འགྱུར་ཅིང་བསླབ་པ་ཕུལ་ནའང་སྡོམ་པ་གཏོང་བར་འགྱུར་རོ། །ཕམ་པར་འགྱུར་བའི་ཆོས་རྒྱུན་མི་ཆད་པར་ཀུན་ཏུ་སྤྱོད་པ་དང། དེ་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཅུང་ཟད་ཙམ་ཡང་མི་བསྐྱེད་པ་དང། དེས་སེམས་ཚིམ་ཞིང་མགུ་བར་གྱུར་པ་དང། དེ་ཡང་དགའ་ཞིང་རྗེས་སུ་ཡི་རང་བ་དང། དེ་ཉིད་འདོད་ཅིང་དོན་དུ་གཉེར་བའི་ཚུལ་གྱིས་ཡོན་ཏན་དུ་ལྟ་བ་དང། ཉོན་མོངས་ཀྱི་ཡན་ལག་དེ་རྣམས་ཐམས་ཅད་ཚང་པ་ནི་ལྟུང་བའི་ཀུན་སློང་རྫོགས་པར་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་ནོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:སེམས་ཙམ་ལུགས་ཀྱི་རྩ་ལྟུང་

|; |@@@ | | }}