93117

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ཙམ་ལུགས་ཀྱི་ལྟུང་བ་ཕྱིར་བཅོས་ (1)
Part of speech མིང་ཚིག
Definition ས་སྐྱ། རྩ་བའི་ལྟུང་བ་གང་རུང་བྱུང་ན་སློབ་དཔོན་མཚན་ཉིད་དང་ལྡན་པའི་དཀོན་མཆོག་གི་དྲུང་དུ་སྡོམ་པ་བླང་བར་བྱ་ཞིང། ཉོན་མོངས་པ་འབྲིང་པོ་བསྐྱེད་པའི་ནུས་བ་ཕམ་པ་དང་འདྲ་བ་དེ་དག་གང་རུང་བྱུང་ན་ཉན་ཐོས་སམ་ཐེག་ཆེན་གྱི་གང་ཟག་འོས་པ་གསུམ་གྱི་དྲུང་དུ་བཤགས་པར་བྱའོ། །ཉོན་མོངས་ཆུང་ངུས་བྱས་པའི་ཉེས་པ་བཞི་གང་རུང་བྱུང་ན་གང་ཟག་གཅིག་གི་མདུན་དུ་ལྟུང་བའི་མིང་རིས་བརྗོད་དེ་བཤགས་པར་བྱའོ། །ཉོོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་པ་སྤྱིར་ལྟུང་བ་བཤགས་པ་ལ་རང་སེམས་ངོ་ཚ་ཁྲེལ་ཡོད་ཤས་ཆེན་པོ་དང་ལྡན་པས་སྔར་བྱས་ལ་འགྱོད་པ་དང་ཕྱིས་འབྱུང་སྤོང་བའི་སྡོམ་སེམས་བརྟན་པོ་དགོས་པ་དེ་བཞིན་དུ་བཤགས་ཡུལ་མ་རྙེད་ན་ཀུན་སློང་དེ་ལྟ་བུས་དཀོན་མཆོག་གི་དྲུང་ངམ་གང་ཟག་གང་ཡང་རུང་བ་གཅིག་གི་མདུན་དུ་ཉེས་པ་འབྲིང་དང་ཆུང་ངུ་འདིར་དངོས་སུ་གསུངས་པའི་ཉོན་མོངས་ཅན་ཡིན་མ་ཡིན་གྱི་ཉེས་བྱས་རྣམས་དང། ཉེས་བྱས་གཞན་རྣམས་ཀྱང་ཚུལ་འདིས་བཤགས་པ་ཡིན་པར་རིག་པར་བྱའོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། སེམས་ཙམ་པ་ལུགས་ཀྱི་ཕྱིར་བཅོས་ནི། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་པ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེེས་གསུངས་པའི་དོན་ནི་ཀུན་དཀྲིས་དྲག་པོས་ཕམ་པ་ལྟ་བུའི་ཆོས་བཞི་སྤྱད་ན་སྡོམ་པ་གཏོང་བས་ཡུལ་སྡོམ་ལྡན་ནམ་དཀོན་མཆོག་གི་དྲུང་དུ་སླར་ཡང་བླང། ཀུན་དཀྲིས་འབྲིང་གིས་ཕམ་པ་ལྟ་བུའི་ཆོས་བཞི་སྤྱད་ན་སྡོམ་ལྡན་གསུམ་གྱི་མདུན་དུ་བཤགས། ཀུན་དཀྲིས་ཆུང་ངུས་ཕམ་པ་ལྟ་བུའི་ཆོས་བཞི་སྤྱད་ན་སྡོམ་ལྡན་གཅིག་གི་མདུན་དུ་བཤགས། ལྷག་མ་ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པ་དཀོན་མཆོག་གསུམ་ལ་མི་མཆོད་པ་སོགས་ཉེས་བྱས་བཞི་བཅུ་ཞེ་གཉིས་པོ་འདི་ཡུལ་འབྱོར་ན་སྡོམ་ལྡན་གཅིག་གི་མདུན་དུ་བཤགས་པར་བྱ་ཞིང་མ་འབྱོར་ན་བདག་སེམས་བཞིན་ཏེ། རང་གི་སེམས་དཔང་པོ་བྱས་ནས་བཤགས་པར་བྱ་ཅེས་པའི་དོན་ཏོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:སེམས་ཙམ་ལུགས་ཀྱི་ལྟུང་བ་ཕྱིར་བཅོས་

|; |@@@ | | }}