93130

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་འཆི་མེད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སེམས་འཆི་མེད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དོན་དགུ་པ་ཡིན། བརྗོད་བྱ་ནི། བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ཀྱི་བསྐྱེད་རྫོགས་སྒོམ་པས་སེམས་འཆི་མེད་གྲུབ་པའི་སྒོམ་པའི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། ཁུངས་དང་བརྒྱུད་རིམ་ནི། ནཻ་གུ་ཆོས་དྲུག་སོགས་དང་འདྲ་འམ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཡན་གྱི་བརྒྱུད་རིམ་མི་གསལ། ཞེས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། བསམ་སྡིངས་པ་གཞོན་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:སེམས་འཆི་མེད་ཀྱི་ཁྲིད་

|; |@@@ | | }}