93131
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། དོན་གྱི་ངོ་བོ་འཚོལ་བ་དང། དོན་གྱི་ངེས་པ་རྙེད་པ་དང། དོན་གྱི་རྗེས་སུ་འཇུག་པ་དང། དོན་མངོན་དུ་གྱུར་པ་བཅས་བཞི་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སེམས་འཇུག་ཅིང་སྐྱེ་བའི་ཡན་ལག་བཞི་གང་ཞེ་ན། དང་པོ་ཁོ་ནར་དེ་ཞེས་སྙེགས་པའི་སྒྲས། གསང་སྔགས་ལ་མིག་ཕྱེ་བའི་ཐབས་ཀྱིས་དོན་ཚོལ་བ་དང༌། དེ་ལྟར་བཙལ་བས་གསང་སྔགས་ཀྱི་གདེང་རྙེད་དེ་བདེན་པ་མཐོང་བ་དང༌། དེ་ཡི་དོན་ལ་འདྲིས་པར་བྱ་བའི་ཕྱིར་འཇུག་པ་དང༌། གོམས་པར་བྱས་པས་དོན་མངོན་དུ་གྱུར་པའོ། །ཞེས་གསུངས་སོ། །མདོ་དགོངས་པ་འདུས་པར་སྦྱོར་བའི་ཡན་ལག་རྟོགས་འཇུག་དྲུག་ཅུ་རྩ་གཅིག་སྐབས་བདག་དོན་དུ་སྦྱོར་བ་སོ་གཉིས་ཁོངས་སུ་དྲངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་འཇུག་པའི་རིམ་པ་བཞི་
|; |@@@ | | }}