93158

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་རྣམ་པར་གཡེང་བ་ཡོངས་སུ་འཚལ་བར་བགྱི་བ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར་རབ་ཏུ་ལྷུང་ན། དེ་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་ནོ། ། ༢ ཕྱི་རོལ་ཏུ་སེམས་རྣམ་པར་གཡེང་བ་ནི། གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་དང༌། འདུ་འཛི་དང༌། མཚན་མ་དང༌། རྣམ་པར་རྟོག་པ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཕྱི་རོལ་གྱི་དམིགས་པ་རྣམས་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་དེའི་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཡིན་ནོ། ། ༣ ནང་དུ་སེམས་རྣམ་པར་གཡེང་བ་ནི། གལ་ཏེ་རྨུགས་པ་དང༌། གཉིད་ཀྱིས་བྱིང་བའམ། སྙོམས་པར་འཇུག་པའི་རོ་མྱང་བའམ། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན། དེ་ནི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་ནོ། ། ༤ མཚན་མའི་རྣམ་པར་གཡེང་བ་ནི། གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་ན། དེ་ནི་མཚན་མའི་རྣམ་པར་གཡེང་བ་ཡིན་ནོ། ། ༥ གནས་ངན་ལེན་གྱི་རྣམ་པར་གཡེང་བ་ནི། གལ་ཏེ་ནང་གི་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱུང་བའི་ཚོར་བ་ལ་གནས་ངན་ལེན་གྱི་ཚོགས་ཀྱིས་ངའོ་སྙམ་དུ་རློམ་སེམས་སུ་བྱེད་ན། དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:སེམས་རྣམ་པར་གཡེང་བ་ཡོངས་སུ་འཚལ་བར་བགྱི་བ་རྣམ་པ་ལྔ་

|; |@@@ | | }}