93159

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་རྣམ་པར་དག་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་སྦྱིན་པར་བྱེད་པ། ༢ སྦྱིན་པ་ལ་རིན་པོ་ཆེའི་སེམས་ཀྱིས་སྦྱིན་པར་བྱེད་པ། ༣ མཛའ་བཤེས་དང༌། དགྲ་བོ་དང༌། ཐ་མལ་བ་དག་ལ་སྙོམས་པའི་སེམས་ཀྱིས་སྦྱིན་པར་བྱེད་པ། ༤ སེར་སྣའི་དྲི་མ་དང༌། གསོག་འཇོག་གི་དྲི་མ་གཞན་ལ་མི་གཏོང་བས་སེར་སྣའི་དྲི་མ་དང༌། བདག་ཉིད་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་པས་གསོག་འཇོག་གི་དྲི་མར་རིག་པར་བྱ་བའི་དྲི་མ་བསྩལ་བའི་སེམས་ཀྱིས་སྦྱིན་པར་བྱེད་པ། ༥ མངོན་པར་དགའ་བ་རྣམ་པ་བདུན། ༦ སློང་མོ་བའི་དངན་དུས་ལ་བཟོད་པ་དང་སྐྱོ་བ་མེད་པའི་ཕྱིར་བཟོད་པའི་སེམས་ཀྱིས་སྦྱིན་པར་བྱེད་པ། ༧ རྣམ་པར་འཚེ་བ་རྣམས་ལ་བྱམས་པའི་སེམས་ཀྱིས་སྦྱིན་པར་བྱེད་པ། ༨ སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་སེམས་ཀྱིས་སྦྱིན་པར་བྱེད་པ། ༩ ཡོན་ཏན་དང་ལྡན་པ་རྣམས་ལ་དགའ་བའི་སེམས་ཀྱིས་སྦྱིན་པར་བྱེད་པ། ༡༠ མཛའ་བཤེས་རྣམས་ལ་བཏང་སྙོམས་ཀྱི་སེམས་ཀྱིས་སྦྱིན་པར་བྱེད་པའོ། །
Domain ཆོས་ལུགས།

{{#arraymap:སེམས་རྣམ་པར་དག་པ་བཅུ་

|; |@@@ | | }}