93165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་རྩིང་པའི་རྣམ་པ་ཅན་གྱི་རྟོག་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཆོས་མངོན་པ་ལས། སེམས་པ་དང་ཤེས་རབ་ཀྱི་ཆར་གཏོགས་པ་ཀུན་ཏུ་ཚོལ་བའི་ཡིད་ཀྱི་བརྗོད་པ་ཞེས་བཤད་པ་དག་གོ ། ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཡུལ་ལ་རྩིང་པོར་འཚོལ་བའི་རྣམ་པ་ཅན་གྱི་སེམས་བྱུང་སྟེ། ཀུན་བཏུས་ལས། རྟོག་པ་གང་ཞེ་ན། སེམས་དཔའི་ཤེས་སྒྲིབ་ལ་(སེམས་པ་འམ་ཤེས་རབ་ལ་)བརྟེན་ནས་ཀུན་ཏུ་འཚོལ་བའི་ཡིད་ཀྱི་བརྗོད་པ་སྟེ། དེ་ནི་སེམས་རྩིང་པའི་རྣམ་པ་ཅན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སེམས་རྩིང་པའི་རྣམ་པ་ཅན་གྱི་རྟོག་པ་

|; |@@@ | | }}