93184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་ལྔ་ལ་དབང་བསྒྱུར་བར་བྱ་བའི་སེམས་དེ་དག་གི་དབང་དུ་མི་འགྱུར་བར་བྱ་བའི་སེམས་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཉེས་པར་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ཉེས་པར་སྤྱོད་པ་ལ་འཇུག་པ། ༢ ལེགས་པར་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ལེགས་པར་སྤྱོད་པ་ལ་མི་འཇུག་པ། ༣ འདོད་པ་ཡོངས་སུ་ཚོལ་བའི་སྦྱོར་བ་ལས་བྱུང་བའི་སེམས་ཆོས་མ་ཡིན་པས་བབ་ཅོལ་དུ་འདོད་པ་ཡོངས་སུ་ཚོལ་བ་ལ་འཇུག་པ། ༤ འདོད་པ་ལ་ལོངས་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ཆགས་པ་ནས་ཉེས་དམིགས་སུ་མི་ལྟ་བ། ༥ ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པའི་བར་གྱིས་ལོངས་སྤྱོད་པ་ལ་འཇུག་པ་དང༌། མངོན་པར་འབྱུང་བ་དང༌། རབ་ཏུ་དབེན་པའི་སྦྱོར་བ་ལས་བྱུང་བའི་སེམས་མངོན་པར་འབྱུང་བ་དང༌། རབ་ཏུ་དབེན་པ་ལས་ཕྱིར་ལྡོག་ཅིང་འདོད་པ་རྣམས་དང༌། བསམ་གཏན་གྱི་རོ་མྱང་བ་ལ་འཇུག་པའོ། །
Domain ཆོས་ལུགས།

{{#arraymap:སེམས་ལྔ་ལ་དབང་བསྒྱུར་བར་བྱ་བའི་སེམས་དེ་དག་གི་དབང་དུ་མི་འགྱུར་བར་བྱ་བའི་སེམས་ལྔ་

|; |@@@ | | }}