93186
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་རྟོག་རྒྱན་གྱི་ནང་གསེས་དང་པོ་སྟེ། སེམས་ལྡན་གྱི་དངོས་པོ་གང་ཡང་རུང་བ་ཞིག་གི་བྱ་བའི་གནས་ཚུལ་དངོས་ཇི་ལྟར་ཡིན་པ་དེ། བྱ་བའི་རྣམ་པ་གཞན་ཞིག་ཏུ་སྒྲོ་བཏགས་ནས་འཁྱོག་པོར་བརྗོད་ཅིང་རབ་རྟོག་གི་སྒྲ་དང་ལྡན་པའི་ཚིག་གི་སྦྱོར་བ་ཅན་ཞིག་ལ་ཟེར། |
Example | བོད་མཁས་པས། གངས་ལྗོངས་བསིལ་བའི་རེག་བྱས་དབྱངས་ལྷ་མོ། །གྲང་བས་ཉེན་ཏེ་ཁོ་བོའི་སྙིང་དབུས་སུ། ། དྲི་ཟའི་འཇིག་རྟེན་རྫོགས་པའི་སྙན་ཚིག་གླུ། །ལེན་པའི་ཟོལ་གྱིས་བག་ཕབ་གནས་སམ་ཅི། །ཞེས་པ་ལྟ་བུའོ། ། |
Domain | རྩོམ་རིག |
{{#arraymap:སེམས་ལྡན་རབ་རྟོག་
|; |@@@ | | }}