93197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་སེམས་བྱུང་གཙོ་འཁོར་གྱི་ཁྱད་པར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་ཏུ་སྨྲ་བས། རང་སྟོབས་ཀྱིས་དོན་ཙམ་འཛིན་པ་ནི་སེམས་དང། རང་སྟོབས་ཀྱིས་དོན་གྱི་ཁྱད་པར་སིམ་གདུང་ལ་སོགས་པར་འཛིན་པ་ནི་སེམས་ལས་བྱུང་བ་ཡིན་ཞེས་འདོད་དགོས་ཏེ།
Example སྔོ་འཛིན་མིག་གི་རྣམ་པར་ཤེས་པས་སྔོ་ཙམ་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ཅིང། དེའི་འཁོར་གྱི་ཚོར་བ་ལ་སོགས་པས་སྔོ་ཙམ་འཛིན་པ་ནི་གཞན་སྔོ་འཛིན་མིག་གི་རྣམ་པར་ཤེས་པའི་སྟོབས་ཀྱིས་ཡིན་ཏེ། རྣམ་ཤེས་གཞན་གྱི་འཁོར་དུ་བྱུང་བའི་ཚེ་དེ་འཛིན་པར་མ་ངེས་པའི་ཕྱིར་རོ། །ཡང་དེའི་འཁོར་གྱི་ཚོར་བ་བདེ་བས་སྔོན་པོ་ཡིད་དུ་འོང་བ་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ཞིང། སྔོ་འཛིན་མིག་གི་རྣམ་པར་ཤེས་པས་དེ་འཛིན་པ་ནི་གཞན་སྟོབས་ཀྱིས་ཡིན་ཏེ་ཚོར་བ་སྡུག་བསྔལ་སོགས་དང་མཚུངས་པར་ལྡན་པའི་ཚེ་དེ་འཛིན་པར་མ་ངེས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་མཐའ་གཅིག་ཏུ་རྣམ་པ་མཚུངས་པར་འདོད་པས་རྣམ་པ་མི་མཚུངས་པའི་དོན་བཤད་མི་དགོས་པར་སེམས་སོ། །
Domain ཆོས་ལུགས།

{{#arraymap:སེམས་སེམས་བྱུང་གཙོ་འཁོར་གྱི་ཁྱད་པར་

|; |@@@ | | }}

སེམས་སེམས་བྱུང་གཙོ་འཁོར་གྱི་ཁྱད་པར་ (2)
Part of speech མིང་ཚིག
Definition རིགས་པའི་རྗེས་འབྲང་གི་མདོ་སེམས་གཉིས་ཀྱིས་སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་པ་ལྟར་ན་ཤེས་པ་རྫས་གཅིག་གི་སྟེང་གི་དོན་གྱི་ངོ་བོ་ཙམ་འཛིན་པའི་ཆ་གཙོ་སེམས་དང། དོན་གྱི་ཁྱད་པར་འཛིན་པའི་ཆ་སེམས་བྱུང་དུ་འཇོག་པས་རང་སྟོབས་གཞན་སྟོབས་ཁས་ལེན་མི་དགོས་ཤིང། དབུས་མཐའི་འགྲེལ་ཆེན་དུ་སློབ་དཔོན་བློ་བརྟན་གྱིས་སེམས་སེམས་བྱུང་རྣམ་པ་མི་མཚུངས་པར་བཤད་པ་ཡང། ངོ་བོ་དང་ཁྱད་པར་གྱི་རྣམ་པ་མི་མཚུངས་པའི་དོན་ཡིན་པར་དཔང་ལོ་ཆེན་པོས་བཞེད་པ་ཉིད་རྩ་འགྲེལ་གཉིས་ཆར་གྱི་དགོངས་པར་མཐོང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། ཡུལ་རྟོགས་ཚུལ་གྱི་ཁྱད་པར་ནི། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང། །ཞེས་དབུས་མཐར་གསུངས་ལ། དེའི་འགྲེལ་བར་དབྱིག་གཉེན་གྱིས་དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །ཞེས་བཤད་པས་འདིའི་དོན་ནི། སེམས་དང་སེམས་བྱུང་གཉིས་དམིགས་པ་གཅིག་ལ་རྣམ་པ་མཚུངས་པར་སྐྱེ་ཡང་སེམས་ལ་འཛིན་སྟངས་མི་འདྲ་བའི་ཁྱད་པར་མེད་པས་སེམས་ཙམ་ཞེས་སྨོས་ལ། སེམས་བྱུང་ནི་གཙོ་བོ་སེམས་ལས་ལྷག་པའི་འཛིན་སྟངས་མི་འདྲ་བ་རེ་རེ་ཡོད་དེ། ཚོར་བས་ཉམས་སུ་མྱོང་བའི་ཚུལ་གྱིས་རིག འདུ་ཤེས་ཀྱིས་མཚན་མར་འཛིན་པའི་ཚུལ་གྱིས་རིག་པས་དེའི་ཁྱད་པར་སེམས་ལས་བྱུང་ཞེས་གསུངས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །

{{#arraymap:སེམས་སེམས་བྱུང་གཙོ་འཁོར་གྱི་ཁྱད་པར་

|; |@@@ | | }}