93209
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྫོགས་ཆེན་ཨ་ཏི་ཡོ་གའི་ནང་གསེས་གནས་པ་སེམས་ཀྱི་སྡེ་སྟེ། སློབ་དཔོན་ཤྲཱི་སེངྷ་དང་ལོ་ཆེན་བཻ་རོ་ཙ་ན་ལས་རིམ་པར་བརྒྱུད་པ་ཡིན་ལ། འདིའི་ལྟ་བའམ་གྲུབ་མཐའ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཀྱང༌། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་པ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིན་པ་ཟུང་འཇུག་གི་ཕྱོགས་སུའང་མ་ལྷུང་ལ། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ་ཞིང༌། རང་རྩལ་མ་འགག་པས་ཆད་པའི་མཐའ་ལས་གྲོལ་བས་བྱ་བྲལ་བདེ་སྡུག་ལས་འདས་པའི་ལྟ་བ་གཏན་ལ་འབེབས་པར་བྱེད་པའོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་སྡེ་
|; |@@@ | | }}