93253
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁམ་ནག་ཡིན་ཞིང་རྩ་ཕྲན་མང་། སྡོང་པོ་ཡོངས་འཇམ་ཞིང་བ་སྤུ་མེད། གཞུང་རྟ་སྦོམ་པོ་ཁེར་རྐྱང་ཡིན་ཞིང་རྟིང་པར་ལོ་མ་སྐམ་པོའི་ཤུབས་ལྟ་བུ་ཞིག་ཡོད། ལོ་མ་ཆ་མཉམ་དུ་སྐྱེ། གཞུང་རྟ་སྨད་དུ་སྐྱེས་པའི་ལོ་མ་འཇོང་དབྱིབས་ཀྱི་མཐའ་མཉམ་པ་དེས་གཞུང་རྟ་ཕྱེད་ཙམ་བཏུམས་ཡོད། སྟོད་དུ་སྐྱེས་པའི་ལོ་མ་ཟླུམ་རིང་བྱ་སྒོང་ལྟ་བུ་དེས་གཞུང་རྟ་བཏུམས་ཡོད། མེ་ཏོག་ཆུན་པོ་གདུགས་ཕབ་དབྱིབས་ཅན་སྡོང་མགོར་སྐྱེས་པའམ་ཡང་ན་ལོ་མའི་མཆན་ཁུང་ནས་སྐྱེས་པ། མེ་ཏོག་ཡུ་བ་སྦོམ་པོར་གླིང་ཟུར་ཡོད། མེ་ཏོག་ལྗང་གུའི་ཐོག་ན་རི་སྔོན་པོ་ཡོད་ཅིང་འཁོར་ལོའི་རྩིབས་ཀྱི་དབྱིབས་སུ་ཆགས། མང་ཅུང་ཟད་གུག་པ་དེ་ནི་རྒུ་དྲུས་སེར་པོ་མཆོག་གོ། |
{{#arraymap:སེར་པོ་རྒུ་དྲུས་
|; |@@@ | | }}