93269
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་སྟེ། དྲི་མེད་ལྷ་ལྔའི་ཁོངས་ཀྱི་མེ་ཏོག་མ་བཞིའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་བྱང་ནུབ་ཕོ་བྲང་གླིང་ཆེན་གྱི་ཤར་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་ཤེལ་གྱི་ཐོར་གཙུག་ཅན། སྐུ་ལ་པད་མའི་འོད་མདངས་མཛེས་པ་གསོལ་ཞིང་ཕྱག་མཚན་མེ་ཏོག་མཁའ་ལྡིང་བསྣམས་པ་ཞིག་གོ ། ཕྲིན་ལས་ནི། གཙང་མའི་ཕྱག་གིས་ཞུག་ཏོག་ལྷ་ལ་འཐོར་བ་སྟེ་བདེར་གཤེགས་ལྷ་རྣམས་ཐུགས་དམ་བསྐུལ་བར་མཛད་པའོ། །ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ཡ་ལེ་འདུ་འདུ་ཧེ། ཞེས་པའམ་ཧེ་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ཡ་ལེ་ནི་སྣང་སྲིད་དགའ་བདེ་བསྐྱེད་པ། ཧེ་ནི་ལྷ་མོ་འདི་ཉིད་མཚོན་པའོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །སྐུ་དང་ས་བོན་གྱི་བསྐྱེད་གནས་ནི། ཐོས་གྲོལ་ལྟར་ན། ལག་པའི་དཀྱིལ་རྩ་ལ་གསུངས་ཤིང་། གསང་འདུས་ལྟར་ན་པུར་ལོང་ཞེས་པ་མིག་གམ་མིག་རྩ་ལ་གནས་པར་གསུངས་སོ། །འདིའི་དོན་ལ་གྲོལ་འཁྲུལ་གྱི་དགེ་སྐྱོན་ནི། རྟོགས་ན་སྐྱེ་འགག་མེད་པའི་དབྱིངས་སུ་དག་ལ། མ་རྟོགས་ན་སྐྱེ་བཞི་འཁོར་བར་འཁྲུལ་ལོ། །གྲོལ་ན་དབལ་ཆེན་རུ་བཞིའི་སྐུ་ཉིད་ལ། མ་གྲོལ་ན་སྐྱེ་རྒས་ན་འཆི་ཤར་བར་གསུངས་སོ། །དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། ། |
Domain | ཆོས་ལུགས། |
{{#arraymap:སེར་མོ་ཐོར་གཙུག་ཅན་
|; |@@@ | | }}