From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སེར་སྐྱ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
སེར་པོ་དང་དཀར་པོ་བསྲེས་པའི་མདོག
|
| Keyword
|
True
|
| Example
|
ཁ་དོག་སེར་སྐྱའི་གྱོན་ཆས། ཁོང་གིས་ལྭ་བ་སེར་སྐྱ་ཞིག་གྱོན་འདུག་ལྟ་བུ།
|
སེར་སྐྱ་ (1)
| Part of speech
|
མིང་ཚིག
|
| Definition
|
སེར་མོ་པ་དང་ཁྱིམ་པ་མི་སྐྱ་གཉིས་ཀྱི་བསྡུས་ཚིག
|
| Example
|
སེར་སྐྱ་ཡོངས་ཀྱི་ཐུགས་ལ་འཛིན་དགོས། སེར་སྐྱ་དཔོན་རིགས་ཚང་མ་ལྟ་བུ།
|
སེར་སྐྱ་ (2)
| Part of speech
|
མིང་ཚིག
|
| Definition
|
ཉི་མ་སྟེ། འོད་མདངས་སེར་སྐྱ་དང་ལྡན་པས་ནའོ། །
|
| Type
|
མངོན་བརྗོད།
|
སེར་སྐྱ་ (3)
| Part of speech
|
མིང་ཚིག
|
| Definition
|
ཁྱབ་འཇུག་སྟེ། དཀའ་ཐུབ་སྤྱད་ནས་སྐུ་མདོག་སེར་སྐྱར་གྱུར་བས་ནའོ། །
|
| Type
|
མངོན་བརྗོད།
|
སེར་སྐྱ་ (4)
| Part of speech
|
མིང་ཚིག
|
| Definition
|
རལ་བ་སེར་སྐྱ་དང་ལྡན་པའི་གནའ་བོའི་རྒྱ་གར་གྱི་དྲང་སྲོང་སེར་སྐྱ་ཞེས་པ་དེའི་བསྡུས་མིང།
|
| Example
|
ལྷ་ལས་ཕུལ་བྱུང་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག ། དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟ་བུ།
|