93293

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེར་སྐྱ་པ་ (1)
Part of speech མིང་ཚིག
Definition གྲངས་ཅན་པའི་གྲུབ་མཐའི་ནང་གསེས་ཤིག་སྟེ། དྲང་སྲོང་སེར་སྐྱ་ལ་བྷ་ར་དྷྭ་ཛ་དང་ཆུར་ལྷུང་གི་བུ་ཞེས་གྲུབ་མཐའ་འཛིན་པའི་སློབ་མ་གཉིས་བྱུང་བའི་ཡ་གྱལ། ཕྱི་མ་ཆུར་ལྷུང་གི་བུའི་རྗེས་འབྲངས་པ་ཀུན་ལ་སེར་སྐྱ་པར་གྲགས་ཏེ། ཡིད་ཀྱི་མུན་སེལ་ལས། སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་པའི་དུས་སུ་དྲང་སྲོང་སེར་སྐྱས་མུ་སྟེགས་པའི་དཀའ་ཐུབ་ཀྱིས་གྲུབ་པ་ཐོབ་སྟེ་བསྟན་བཅོས་མང་དུ་བརྩམས་པས་གྲུབ་མཐའ་འཛིན་པའི་སློབ་མ་གཉིས་བྱུང་སྟེ། བྷ་ར་དྷྭ་ཛ་དང་ཆུར་ལྷུང་གི་བུའོ། །བྷ་ར་དྷཱ་ཛས་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་འདོད་པའི་རྗེས་སུ་འབྲངས་པ་ལ་གྲངས་ཅན་པ་དང་། ཆུར་ལྷུང་གི་བུས་ཉི་ཤུ་རྩ་ལྔ་པོའི་གནས་ལུགས་ཀྱང་སྟོང་པར་འདོད་པ་ལས་སེར་སྐྱ་པ་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། གྲངས་ཅན་པ་རྣམས་ཡོན་ཏན་སྨྲ། །སེར་སྐྱ་པ་རྣམས་སྟོང་པར་འདོད། །ཅེས་སོ། །ཞེས་གསུངས་སོ། །

{{#arraymap:སེར་སྐྱ་པ་

|; |@@@ | | }}