93312

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེར་སྨད་མཁན་ཟུར་གྲགས་པ་མཁས་གྲུབ་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་འཁྲུངས་གཞོན་དུས་ནས། སེ་ར་ཐེག་ཆེན་གླིང་གི་ཆོས་གྲྭར་ཞུགས། འཇོག་རིང་ངག་དབང་བསྟན་འཛིན་འཕྲིན་ལས ༡༧༤༨ སོགས་བླ་མར་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་མཁས་པར་སྦྱངས། སེར་སྨད་གྲྭ་ཚང་གི་མཁན་པོའི་ཁྲིར་བཞུགས། འཆད་ཉན་གང་ལེགས་གནང་། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད། གསུང་རྩོམ་ནི་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ལུག་ཕྱི་ལོ་ ༡༨༡༡ ལོར་ཕྱག་བྲིས་གནང་བའི་དགའ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་བའི་སྐྱེས་མཆོག་དམ་པ་ཁྲི་ཆེན་རིམ་བྱོན་རྣམས་ཀྱི་རྣམ་ཐར་རྨད་དུ་བྱུང་ནོར་བུའི་འཕྲེང་བ་ཞེས་པའི་པོད་གཅིག་བཞུགས། དེར་ཁྲི་ཐོག་བཞི་བཅུ་ཞེ་བདུན་པ་ནས། ཁྲི་ཐོག་དྲུག་ཅུ་རེ་བདུན་བར་ཁྲི་ཆེན་ཉེར་གཉིས་ཀྱི་རྣམ་ཐར་གསལ། མཚན་གཞན། གྲགས་པ་མཐའ་ཡས།

{{#arraymap:སེར་སྨད་མཁན་ཟུར་གྲགས་པ་མཁས་གྲུབ་

|; |@@@ | | }}