93316

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེལ་བ་ (1)
Part of speech མིང་ཚིག
Definition དོགས་པ་སོགས་མེད་པར་སོང་བའི་དོན་གྱི་བྱ་མིང།
Example ལོག་རྟོག་སེལ་བ། རྣམ་རྟོག་སེལ་བ་ལྟ་བུ།
སེལ་བ་ (2)
Part of speech མིང་ཚིག
Definition སྦྱོར་བ་ཉེར་བདུན་གྱི་ནང་གསེས་ཤིག
Domain རྩིས་རིག
སེལ་བ་ (3)
Part of speech མིང་ཚིག
Definition རང་གི་བསལ་བྱ་ཚིག་གིས་ཟིན་པར་བཅད་ནས་རྟོགས་པར་བྱ་བའི་ཆོས།
Example འདི་སྐྱེས་པ་ཡིན་ཞེས་པས་བུད་མེད་ཡིན་པ་སེལ་བ་ལྟ་བུའོ། །
Domain ཚད་མ།
སེལ་བ་ (4)
Part of speech མིང་ཚིག
Definition མདོ། འདུལ་བ། སེལ་བའི་དབྱེ་བ་ནི། སེལ་བ་ཞེས་པ་རང་རང་གི་ཡན་ལག་མ་ཚང་བ་དེ་ཡིན་པས་ཡན་ལག་ལས་བཟློག་སྟེ་དབྱེ་བར་བྱའོ། །དེ་ཡང་ཐུན་མོང་གི་སེལ་བ་དང། ཐུན་མོང་མ་ཡིན་པའི་སེལ་བའོ། །དང་པོ་ནི་བསླབ་པའི་ཡན་ལག་གི་སེལ་བ་སྡོམ་པ་གཏན་ནས་མ་བླངས་པ་ལྟ་བུ་དང། བསམ་པ་རང་བཞིན་དུ་གནས་པའི་སེལ་བ་སྨྱོ་བ་ལ་སོགས་པ་ནི་ཀུན་གྱི་ཐུན་མོང་གི་སེལ་བའོ། །བསླབ་པ་རྒྱུན་གཅིག་པ་ནི་ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་ཡན་ལག་ཡིན་ཡང། དེའི་སེལ་བ་བསླབ་པ་རྒྱུན་ཐ་དད་པ་ནི་ཀུན་གྱི་ཐུན་མོང་གི་སེལ་བ་མ་ཡིན་ཏེ། སེལ་བ་འདི་ནི་སྦྱོར་བ་རྒྱུན་ལྡན་རྣམས་ལ་འཇུག་གི སྦྱོར་བ་རྒྱུན་མི་ལྡན་རྣམས་ལ་མི་འཇུག་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་སེལ་བ་ལ་བཞི་སྟེ། གཞིའི་སེལ་བ་ནི་གཞིའི་ཡན་ལག་མ་ཚང་བ་དང། བསམ་པའི་སེལ་བ་དང། སྦྱོར་བའི་སེལ་བ་དང། མཐར་ཐུག་གི་སེལ་བ་སྟེ་མཐར་ཐུག་གི་ཡན་ལག་མ་ཚང་བའོ། །གཉིས་པ་སེལ་བའི་མཚན་ཉིད་ནི་ལྟུང་བ་རང་རང་གི་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ངེས་གཟུང་དུ་དགོས་པའི་ཡན་ལག་མ་ཚང་བའོ། །དེ་ཡང་མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་རིན་ཐང་གི་ཡན་ལག་མ་ཚང་བ་ལྟ་བུའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།