From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སེལ་འཇུག་ (1)
| Part of speech
|
མིང་ཚིག
|
| Definition
|
རིགས་མི་མཐུན་རྣམ་པར་བཅད་པའི་སྒོ་ནས་འཇུག་པའི་ཡུལ་ཅན་དེ། སེལ་འཇུག་གི་མཚན་ཉིད་ཡིན་ཏེ། རིགས་གཏེར་ལས། དངོས་འགལ་བཅད་ནས་འཇུག་པ་ནི། །གཞན་སེལ་ཡུལ་ཅན་ཡིན་པར་བཤད། །ཅེས་གསུངས་སོ། །སེལ་འཇུག་ལ་ངོ་བོའི་སྒོ་ནས་དབྱེ་བ། སྒྲ་རྟོག་གཉིས། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། སེལ་འཇུག་ཕྱིན་ཅི་ལོག་པ་དང་། མ་ལོག་གཉིས། དང་པོ་ནི། སྒྲ་རྟོག་དོན་མི་མཐུན་དང་། གཉིས་པ་ནི། སྒྲ་རྟོག་དོན་མཐུན་རྣམས་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
|
| Domain
|
ཚད་མ།
|
སེལ་འཇུག་ (2)
| Part of speech
|
མིང་ཚིག
|
| Definition
|
རང་གི་ཡུལ་ལ་འཇུག་པའི་ཚེ་ཡུལ་དེ་མ་ཡིན་པ་ལ་དེ་ལྟ་བུར་སྣང་བའི་འཆར་སྣང་ཞིག་རྒྱུད་ནས་འཇུག་པ། འདི་ལ་གཞུང་དུ་དོན་སྤྱིའི་དབང་གིས་འཇུག་པ་ཟེར། རྗོད་བྱེད་ཀྱི་སྒྲ་དང་། རྟོག་པ་ཚང་མ་དེ་ཡིན་པར་བཞེད། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་རབ་གསལ་ལས། རང་ཡུལ་ལ་བརྡ་དབང་གིས་འཇུག་པ་དང། རང་ཡུལ་དངོས་དབང་གིས་འཇུག་པ་རིམ་པ་བཞིན་དེ་དག་གི་མཚན་ཉིད་དུ་བྱའོ། །
|