93321
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སེལ་འཇུག་གི་བློ་ཞེས་པ་ནི། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་བློ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་རིག་པ། སེལ་འཇུག་གི་བློའི་མཚན་ཉིད། དེ་དང་རྟོག་པ་དོན་གཅིག དེེ་ལ་དབྱེ་ན། སེལ་འཇུག་གི་བློ་དོན་མཐུན་དང། སེལ་འཇུག་གི་བློ་དོན་མི་མཐུན་གཉིས་ལས། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་རིག་པ་དོན་མཐུན་དང་པོའི་མཚན་ཉིད། དེ་དང་རྟོག་པ་དོན་མཐུན་དོན་གཅིག གཞི་གྲུབ་ན། ཁྱོད་འཛིན་རྟོག་པ་སེལ་འཇུག་གི་བློ་དོན་མཐུན་ཡིན་པས་ཁྱབ། རང་ཡུལ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་རིག་པ་དོན་མི་མཐུན་གཉིས་པའི་མཚན་ཉིད། དེ་དང་རྟོག་པ་དོན་མི་མཐུན་དོན་གཅིག གཞི་མ་གྲུབ་ན། ཁྱོད་འཛིན་རྟོག་པ་སེལ་འཇུག་གི་བློ་དོན་མི་མཐུན་ཡིན་པས་ཁྱབ། ཅེས་གསུངས། |
Domain | ཚད་མ། |
{{#arraymap:སེལ་འཇུག་གི་བློ་
|; |@@@ | | }}